དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་6གི་མི་ཐེངས་ཁྲི་11ལྷག་ཙམ་ཀྲུང་གོར་ཐོངས་མཆན་མི་དགོས་པར་སླེབས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཟླ་1ཚེས་1ཉིན་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོའི་ཟླ་12ཚེས་1ཉིན་བར་ཀྲུང་གོས་ཧྥ་རན་སེ་དང་། འཇར་མན། དབྱི་ཐ་ལི། ཧོ་ལན། སི་ཕེན། མ་ལེ་ཞི་ཡ་བཅས་རྒྱལ་ཁབ་དྲུག་གི་སྤྱིར་བཏང་གི་རྒྱལ་གྲོལ་ལམ་ཡིག་ཡོད་མཁན་ལ་ཕྱོགས་རྐྱང་པའི་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཚུན་ནས་2023ལོའི་ཟླ་12ཚེས་31ཉིན་བར། གོང་གསལ་རྒྱལ་ཁབ་6ནས་ཀྲུང་གོར་ཡོང་མཁན་ཁྱོན་མི་ཐེངས་ཁྲི་21.4ཟིན་པ་ཟླ་11དང་བསྡུར་ན་28.5%མང་དུ་ཕྱིན་ཡོད་པ་ལས། སྤྱིར་བཏང་གི་རྒྱལ་གྲོལ་ལམ་ཡིག་ཡོད་མཁན་མི་ཐེངས་ཁྲི་11.8ཐོངས་མཆན་མི་དགོས་པར་ཀྲུང་གོར་སླེབས་པ་དེས་དུས་མཚུངས་རྒྱལ་ཁབ་དྲུག་ནས་ཀྲུང་གོར་ཡོང་མཁན་མི་ཐེངས་བསྡོམས་འབོར་གྱི་55.1%བཟུང་ཡོད།

    རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཐོངས་མཆན་མི་དགོས་པར་ཀྲུང་གོར་ཡོང་བའི་སྲིད་ཇུས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་འགྲོ་འོང་དང་མཉམ་ལས་སྤེལ་རེས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་བཀོད་སྒྲིག་བྱས་ཏེ། འགག་སྒོ་ཁག་ཏུ་ལས་སྒྲུབ་ཉེན་རྟོག་པ་འདང་ངེས་གྲ་སྒྲིག་དང་བརྟག་ཞིབ་འགྲོ་ལམ་ཤར་གཏོང་ཐུབ་པར་བྱས་ནས་འགག་སྒོ་བདེ་བླག་ངང་སྒྲོལ་ཐུབ་པའི་འགན་ལེན་བྱས་པ་དང་ཆབས་ཅིག ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་སྡེ་ཚན་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་། ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་མཁན་ལ་གནས་སྡོད་ཀྱི་སྟབས་བདེ་སྐྲུན་དགོས་པའི་མཛུབ་ཁྲིད་བྱས་པ་རེད། གོམ་སྟབས་རྗེས་མར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་ཞབས་འདེགས་སྲིད་ཇུས་དང་བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྱི་རྒྱལ་བ་ཀྲུང་གོར་ཚོང་དོན་དང་། སློབ་སྦྱོང་། ཡུལ་སྐོར། ལས་དོན་སྤེལ་བ། འཚོ་བ་སྐྱེལ་བ་བཅས་ལ་སྔར་བས་སྟབས་བདེ་སྐྲུན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།