དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་དོན་བྲིས་—ཀྲུང་གོའི་མཛེས་རྩལ་ཁང་གི་སྒྱུ་རྩལ”འགྲེམས་སྟོན་ཐེ་ལན་དུ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-08

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པང་ཁོག་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་མཛེས་རྩལ་ཁང་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་དར་གོས་ལམ་བུའི་རྒྱལ་སྤྱིའི་མཛེས་རྩལ་ཁང་མནའ་འབྲེལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། “ཀྲུང་གོའི་དོན་བྲིས—ཀྲུང་གོའི་མཛེས་རྩལ་ཁང་གི་སྒྱུ་རྩལ”འགྲེམས་སྟོན་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་ལ“ཀྲུང་གོའི་དོན་བྲིས”བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་ནང་གི་གྲགས་ཅན་སྒྱུ་རྩལ་མཁས་ཅན་42ཀྱི་ཕུལ་བྱུང་བརྩམས་ཆོས་63བསྡུ་རུབ་བྱས་པའི་ནང་དེང་རབས་ཀྲུང་གོའི་རི་མོ་དང་། སྣུམ་ཚོན་རི་མོ། འཇིམ་བརྐོས། ཆུ་ཚོན་སོགས་ཀྱི་བརྩམས་ཆོས་ཡོད་པ་དང་། དབྱིབས་དང་། དོན། ཉམས་བཅས་ཕྱོགས་གསུམ་གྱི་ཐད་ནས་སྒྲོམ་གཞི་བསླངས་ཏེ་སྒྱུ་རྩལ་མཁས་ཅན་གྱིས་ཀྲུང་གོའི་སྲོལ་རྒྱུན་སྒྱུ་རྩལ་གྱི་སྙིང་བཅུད་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་ནུབ་ཕྱོགས་སྒྱུ་རྩལ་གྱི་མཛེས་དཔྱད་དང་ཉམས་སྣང་སྟབས་བསྟུན་སློབ་སྦྱོང་བྱས་ནས་ཐུན་མིན་ཁྱད་ཆོས་ལྡན་པའི་ཀྲུང་གོའི་དོན་བྲིས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཤིག་ཆགས་ཡོད་པ་རེད།

    “ཀྲུང་གོའི་དོན་བྲིས་—ཀྲུང་གོའི་མཛེས་རྩལ་ཁང་གི་སྒྱུ་རྩལ”འགྲེམས་སྟོན་སྔ་རྗེས་སུ་མོ་ཞི་ཁོ་དང་། ཧྥ་རན་སེ། ཀེ་རི་སེ། བྷེ་ཨུ་རུ་སུ། ཧན་གོ ཝུ་ར་ཀུའེ་སོགས་རྒྱལ་ཁབ་ཀྱི་རྟེན་མཛོད་ཁང་དང་མཛེས་རྩལ་ཁང་གལ་ཆེན་དུ་གཟབ་རྒྱས་གཉེར་བ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་དེ་ཐེ་ལན་རྒྱལ་ཁབ་མཛེས་རྩལ་ཁང་གི་ཐོག་ཁང་གཙོ་བོར་2024ལོའི་ཟླ་2ཚེས་18ཉིན་བར་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།