དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཚོང་འགུགས་མ་འདྲེན་ལས་ལ་གཞོལ། སྤུས་འབོར་གཉིས་ལྡན་ཡོང་ཐབས་བྱས།

    —— ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་ལ་གྲུབ་འབྲས་ཡག་པོ་ཐོབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-07

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་རྒྱབ་སྐྱོར་གྱི་སྲིད་ཇུས་འདོན་པ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་འཕེལ་རྒྱས་བཏང་བས། གངས་ལྗོངས་ས་མཐོ་འདི་ཉིད་མ་འཇོག་ལས་དར་གྱི་གནས་མཆོག་ཅིག་ཏུ་འགྱུར་བཞིན་ཡོད། 2023ལོར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཚོང་འགུགས་ཆེན་པོ་དང་ཚོང་ཆེན་འགུགས་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། རྣམ་གྲངས་ཀྱི་འདུ་ཤེས་དང་། ཞབས་ཞུའི་འདུ་ཤེས། གསར་གཏོད་ཀྱི་འདུ་ཤེས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཚོང་འགུགས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ཚོང་འགུགས་ཐབས་ལམ་རྒྱ་ཆེར་གཏོང་བ། ཚོང་འགུགས་བྱེད་ཐབས་ལེགས་སུ་གཏོང་བ། ཚོང་འགུགས་ཞབས་ཞུ་ཞིབ་ཚགས་སུ་གཏོང་བ། ཚོང་འགུགས་མ་འདྲེན་ལ་ཤུགས་སྣོན་བརྒྱབ་ནས་སྤུས་འབོར་གཉིས་ལྡན་ཡོང་གང་ཐུབ་བཅས་བྱས་ཏེ། ཚོང་འགུགས་མ་འདྲེན་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་གསར་བརྗེས་བྱས་ཏེ།

    “རྣམ་གྲངས་ལ་སྐུལ་འདེད་གཏོང་བའི”འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་པ།

    གནད་སྨིན་ནུས་ཆེའི་ཞབས་འདེགས་ཞུས་ནས་ཁེ་ལས་གསར་གཏོད་འཕེལ་རྒྱས་ལ་རོགས་རམ་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་ལ་ཞབས་འདེགས་ཞུ་བ་འགན་འཁྲི་གཙོ་བོར་བརྩིས་ནས། ཁེ་ལས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ཁེ་ལས་ཀྱི་བློ་ལ་འབབ་མིན་ཚད་གཞིར་བྱས་ནས། ཁེ་ལས་ལ་ཞབས་འདེགས་ཞུ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞབས་འདེགས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དངོས་ཚན་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་པའི་ཚོང་གཉེར་ཁོར་ཡུག་ཅིག་ཧུར་ཐག་བཏོད་པ་དང་ཆབས་ཅིག ཆེད་མི་བཀོད་སྒྲིག་གིས་རྣམ་གྲངས་དོན་འཁྱོལ་ལ་དམ་པོར་དམིགས་པ་དང་ཚོང་འགུགས་མ་འདྲེན་གྱི་མཛོད་བཙུགས་ནས་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་ལ་ཉིན་ལྟར་ལྟ་སྐུལ་དང་ཐོ་འགོད་དང་། རྣམ་གྲངས་ཀྱི་མཉམ་འབྲེལ་ཚོགས་འདུ་དུས་ཐོག་ཏུ་འཚོགས་པ། རྣམ་གྲངས་དོན་འཁྱོལ་གྱི་འགག་གནད་དང་དཀའ་གནད་སེལ་བ་བཅས་བྱས་པས། མིག་སྔའི་བར་ཚོང་འགུགས་མ་འདྲེན་གྱི་མཛོད་དུ་ཚུད་པའི་རྣམ་གྲངས་34དང་ཆེད་ཚན་རྗེས་སྙེག་རྣམ་གྲངས་11ཡོད་པ་རེད།

    ཚོང་འགུགས་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཞིང་། ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དུས་ཐོག་ཏུ་གསར་བརྗེས་བྱས་ནས་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་དང་། མ་དངུལ་གཏོང་མཁན་གྱི་ཚད་གཞི་དམའ་རུ་གཏོང་གང་ཐུབ་བྱ་ཆེད་དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཀྱི་ཚོགས་འདུ་དང་ཁེ་ལས་ལ་རོགས་རམ་དང་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་ཀྱི་གསོ་སྦྱོང་ཚོགས་འདུ་འཚོགས་ནས། གཟིགས་སྐྱོང་ཆེ་ཤོས་ཀྱི་སྲིད་ཇུས་ལ་བརྟེན་ནས་མ་འཇོག་གི་ནང་དངོས་མཐུན་རྐྱེན་སྔར་བས་ལེགས་སུ་གཏོང་བའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆོད་སེམས་དང་སྟོབས་ཤུགས་མཚོན་པར་བྱས་ཏེ། སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཆ་རྐྱེན་གསར་པ་སྔར་བས་མང་བ་མཁོ་འདོན་བྱས་པ་རེད།

    ཚོང་འགུགས་མ་འདྲེན་ལ་དམ་འཛིན་བྱས་ཏེ།

    “ལས་གྲྭ་དང་པོའི”གདོང་མཆོང་དུང་བརྡ་བཏང་བ།

    ཚོང་འགུགས་མ་འདྲེན་ལ་ཚད་བརྒལ་གསར་པ་བྱུང་ནས་ལོ་འཁོར་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ཞིང་། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། སྟོད་ལུང་བདེ་ཆེན་ཆུས་ལ་ཚོང་འགུགས་མ་འདྲེན་རྣམ་གྲངས་33ཡོད་པའི་ནང་ད་ལྟ་མུ་མཐུད་སྐྲུན་བཞིན་པའི་རྣམ་གྲངས་20དང་གསར་སྐྲུན་རྣམ་གྲངས་13ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་22.6དམིགས་སར་འབྱོར་བ་དེ་དུས་མཚུངས་ལས་47.23%འཕར་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་107.6%ལེགས་སྒྲུབ་བྱས་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་21.6བཏང་ཡོད། ལྗང་མདོག་བཟོ་ལས་རྣམ་གྲངས་9དང་། ཚོང་དོན་ཞབས་ཞུའི་རྣམ་གྲངས་3 ཚོང་ལས་ཕྱོགས་བསྡུས་རྣམ་པའི་རྣམ་གྲངས་5 ཟོག་འགྲེམས་རྣམ་གྲངས་2 ས་ཁང་བདག་ཁོངས་རྣམ་གྲངས་14བཅས་ཡོད་པ་རེད།

    ཚོང་འགུགས་དང་ལས་མི་སྤྱོད་པར་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ་ལས་ཞུགས་ལ་འགན་ལེན་ཧུར་ཐག་བྱས་པ། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་33གྱིས་མི་4669ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་ཞིང་འབྲོག་པ་1037ལས་ཞུགས་ཐུབ་པ་དང་། ཐེམ་ཁོངས་སྟོད་ལུང་བདེ་ཆེན་ཆུས་ནས་ཡིན་པ་249དང་། རྫོང་དང་ཆུས་གཞན་དག་གི་ཞིང་འབྲོག་པ་788 དེ་བཞིན་སློབ་ཆེན་སློབ་མ་32བཅས་ལས་ཞུགས་ཐུབ་ཡོད་པ་རེད།

    ཚོང་འགུགས་ཀྱི་སྣེ་ཁྲིད་སྐུལ་སློང་བྱས་ཏེ།

    དཔལ་འབྱོར་གང་མགྱོགས་འཕེལ་བར་སྐུལ་མ་ཤུགས་ཆེན་བཏང་བ།

    སྟོད་ལུང་བདེ་ཆེན་ཆུས་ཀྱིས“མ་འཇོག་དོན་འཁྱོལ་ལོའི”ལས་དོན་ཁག་དོན་འཁྱོལ་ནན་ཏན་བྱས་ཤིང་། ཚོང་འགུགས་མ་འདྲེན་ཁྲིད་སྟོན་དུ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་བ་དང་། སྔོན་གཏན་འཁེལ་བའི་དམིགས་ཚད་ལ་གཞིགས་ཏེ་གསར་གཏོད་ལ་བརྟེན་ནས་གནད་སྨིན་ཚོང་འགུགས་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་འབྲེལ་མཐུད་རྒྱ་ཁྱབ། ཞབས་ཞུ་དོན་འཁྱོལ་ལ་ཁྱོན་ཡོངས་ནས་འགན་སྲུང་བཅས་རྒྱུན་ཆད་མེད་པར་བྱས་ནས་ལོ་ཧྲིལ་པོའི་ཚོང་འགུགས་མ་འདྲེན་མགྱོགས་མྱུར་འཕར་གང་ཐུབ་བྱས་ཡོད།

    “ཕྱིར་སྐྱོད་པའི”ཐེངས་གྲངས་མང་དུ་བཏང་ཞིང་། དངོས་འཐབ་ཅན་གྱི་འགྲན་བསྡུར་བྱས་ནས་ཚོང་འགུགས་མ་འདྲེན་གྱི་འཁོར་འབྲེལ་ཕན་ནུས་ཆགས་པར་སྐུལ་འདེད་བཏང་བ་དང་། གཞན་འགུལ་རྣམ་པའི“སྒུག་སྡོད་ཚོང་འགུགས”ནས་རང་འགུལ་རྣམ་པའི“སྒོ་རྡུང་ཚོང་འགུགས”ཀྱི་ཕྱོགས་སུ་བསྒྱུར་ཡོད། རྣམ་གྲངས་ཆེན་པོ་དང་། རྣམ་གྲངས་བཟང་པོ། རྣམ་གྲངས་གསར་པ་བཅས་ལ་དམིགས་ནས“ཕྱིར་སྐྱོད་པ་དང་ནང་དུ་གདན་འདྲེན”བྱེད་ཤུགས་ཆེ་རུ་བཏང་ཞིང་། མིག་སྔའི་བར། ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་ཐེངས་60སྤེལ་བར“ཕྱིར་སྐྱོད་པ”ཐེངས་5དང་། “ནང་དུ་གདན་འདྲེན་པ”ཐེངས་55ཟིན་པ་མ་ཟད། སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དང་། ཁྲུང་ཆིང་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན་བཅས་སུ་བསྐྱོད་དེ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྤེལ་བ་དང་། ལྗོངས་ཕྱིའི་ཁེ་ལས་གྲགས་ཅན་30ལ་རྟོག་ཞིབ་སློབ་སྦྱོང་དང་བཞུགས་མོལ་སྤེལ་རེས་བྱས་པའི་ཁར་མཉམ་ལས་ཀྱི་གོ་སྐབས་འཚོལ་བ་དང་འཕེལ་རྒྱས་ཀྱི་ཐབས་ཇུས་དོན་གཉེར་བྱས་ཡོད། རེས་སྐོར་མང་བའི་འབྲེལ་གཏུག་བྱས་པ་བརྒྱུད་ཁེ་ལས་6དང་མ་འཇོག་གྲོས་མཐུན་བཞག་པར་མ་དངུལ་སྒོར་དུང་ཕྱུར་7.5ཟིན་པ་དེ་དག་མཛོད་ཉར་ཟོག་འགྲེམས་དང་། སྐྱེ་དངོས་ཚན་རྩལ། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

    “ནང་འདྲེན”བྱེད་ཚད་ཆེ་རུ་བཏང་ཞིང་། རིག་གནས་ཡུལ་སྐོར་དང་ལྗང་མདོག་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་ལ་དམིགས་ནས། ཁེ་ལས་ས་ཡུལ་དངོས་སུ་རྟོག་ཞིབ་བྱེད་པར་གདན་དྲངས་ནས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་མཉམ་ལས་གཉིས་ཕན་ཡོང་བར་རམ་འདེགས་བྱས་ཡོད།

    “ཚོང་འགུགས་ཆེན་པོའི”ཕན་འབྲས་དོན་འཁྱོལ་བྱས་ཤིང་། ཞོ་སྟོན་དང་བོད་ལྗོངས་འགྲེམས་ཚོགས་སོགས་བྱེད་སྒོ་གལ་ཆེན་ལ་བརྟེན་ནས་ཚོང་འགུགས་ཀྱི་ཕན་འབྲས་ཐོན་པར་བྱས་ཡོད། ཞོ་སྟོན་རིང་རྣམ་གྲངས་4ལ་གན་རྒྱ་བཞག་པར་སྔོན་དཔག་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་4.4ཟིན་པ་དང་བོད་ལྗོངས་འགྲེམས་ཚོགས་སུ་རྣམ་གྲངས་4ལ་གན་རྒྱ་བཞག་པར་སྔོན་དཔག་བྱས་ན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་7.62ཟིན་གྱི་ཡོད། བོད་ལྗོངས་ལིན་ཧྥེང་རིག་ལྡན་ཟོག་འགྲེམས་གླིང་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཅིན་ཅུས་ཏི་ཁེ་ལས་ཚད་ཡོད་ཀུང་སི་གཉིས་ཀྱིས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་རོགས་སྐྱོར་མ་དངུལ་རེ་ཞུ་བྱས་པར་བྱ་དགའི་དངུལ་སྒོར་ཁྲི་242.89དང་སྒོར་ཁྲི་11.5སོ་སོར་སྤྲད་པ་རེད། བོད་སྐྱོར་གྱི“གཉིས་འགུགས་གཉིས་འདྲེན”ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྦྱིན་ཏེ་རྒྱ་ཆེའི་ཁེ་ལས་མཁས་ཅན་གྱིས་མ་འཇོག་ལས་དར་བྱེད་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་དང་། བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་1ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་1.6གཏོང་བའི་གྲོས་མཐུན་བྱུང་ཡོད།

    “ཆེད་ལས་ཅན”གྱི་ཆུ་ཚད་མཐོ་རུ་བཏང་ཞིང་། “ཁྲོམ་ར་ཅན+ཆེད་ལས་ཅན”གྱི་ཚོང་འགུགས་བསམ་གཞི་བརྟན་པོ་བཙུགས་ནས་འབྲེལ་གཏུག་ཚོང་འགུགས་དང་། བཅའ་སྡོད་ཚོང་འགུགས། མཐུན་ཚོགས་ཚོང་འགུགས། དུས་ཆེན་ཚོང་འགུགས། ཚོང་བརྟེན་ཚོང་འགུགས་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་བ་དང་རིམ་པ་མང་བའི་ཚོང་འགུགས་རྣམ་པ་བཏོད་དེ་སྲིད་གཞུང་གི་ཉོ་སྒྲུབ་བརྒྱུད་ཕུང་གསུམ་པའི་ཆེད་ལས་ཚོགས་པར་ཚོང་འགུགས་ལས་དོན་མངགས་བཅོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།