འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་ཡོང་འབབ་འཕར་ཐབས་བྱེད་པ།
ཉེ་དུས“ཁྲོམ་ར་འཁྲུག་ཏུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད། ཡོང་འབབ་འཕར་ཐབས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད”བཅས་བརྗོད་དོན་གཙོ་བོར་བྱེད་པའི་གཞིས་རྩེ་གྲོང་ཁྱེར་གྱི་དགུན་ཁའི་ཚོང་འདུས་སྐབས་བཅུ་གཅིག་པའི་བསམ་གྲུབ་རྩེ་ཆུས་ཀྱི་ཚོང་འདུས་བསམ་གྲུབ་རྩེ་ཆུས་ཀྱི་སྤྱི་གླིང་ཨང་བཞི་པར་གཉེར་བ་རེད། ད་ཐེངས་ཀྱི་ཚོང་འདུས་ལ་འགྲེམས་གནས་200ལྷག་ཙམ་བཙུགས་ཏེ་ལྗོངས་ཕྱི་ནང་གི་ཚོང་དུད་དང་ཞིང་འབྲོག་པ་མང་ཚོགས་འགྲེམས་སྟོན་ལ་ཞུགས་པར་ཡིད་དབང་རབ་ཏུ་བཀུག་ཡོད། འགྲེམས་ཞུགས་ཚོང་ཟོག་ལ་ཞིང་པའི་ཁྱད་ལྡན་ཐོན་རྫས་དང་། ཤ་རིགས། གྱོན་གོས། ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས། ཁྱད་ལྡན་འདེབས་འཛུགས་ལས་རིགས་ཐོན་རྫས། ཡུལ་སྐོར་རིག་གནས་ཐོན་རྫས་སོགས་ཐོན་རྫས་སྣ་ཁ་སྟོང་ཕྲག་ཡོད་པ་རེད།
འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་དགུན་ཁའི་ཚོང་འདུས་སྐབས་བཅུ་གཅིག་པའི་བསམ་གྲུབ་རྩེ་ཆུས་ཀྱི་ཚོང་འདུས་ཀྱི་མཛད་སྒོ་གཉེར་ཡུལ་ཡིན་པ།
འདི་ནི་ཚོང་འདུས་ཐོག་གྲོང་མིས་རྒྱན་ཆ་འདེམས་བཞིན་པ།
འདི་ནི་ཚོང་འདུས་ཐོག་གྲོང་མིས་ཟོམ་པ་ལྷམ་འདེམས་བཞིན་པ།