རིན་པ་མི་དགོས་པར་ན་ཚ་ལྟ་གི་འདུག མགྱོགས་པོ་ཁ་པར་ནས་མངགས་དང་།
ཟླ་1ཚེས་5ཉིན། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གཉིས་པའི་བོད་ལྗོངས་སྨན་ཁང་·བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གིས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། དེ་ཡང་བྱིས་པའི་ཚན་ཁག་དང་། བུད་མེད་ཚན་ཁག བུ་བཙའི་ཚན་ཁག ཀྲུང་ལུགས་གསོ་རིག་ཚན་ཁག་སོགས་ཀྱི་རིགས་གཅིག་མཁས་ཅན་17གྱིས་ས་གནས་ས་ཐོག་ཏུ་འོས་འགན་སྨན་བཅོས་བྱེད་རྒྱུ་རེད་འདུག
ད་ཐེངས་ཀྱི་འོས་འགན་སྨན་བཅོས་དེ་དྲ་ཐོག་ནས་མངགས་ཆོག་པས། ནད་པས་2024ལོའི་ཟླ་1ཚེས་2ཉིན་ནས་ཟླ་1ཚེས་4ཉིན་བར་བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གི་སྐད་འཕྲིན་སྤྱི་སྟེགས་སུ་ཡོངས་བསྒྲགས་བྱས་པའི་རྩ་གཉིས་ཨང་རྟགས་ནས་མངགས་ཆོག་པ་དང་། རིགས་གཅིག་མཁས་ཅན་གཅིག་གིས་མི་ཐེངས་20ལ་མ་གཏོགས་ལྟ་གི་མེད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་ལ་སྨན་རིན་གང་ཡང་བསྡུ་གི་མེད།
གལ་ཏེ་དམིགས་བསལ་གྱི་ནད་བརྟག་སྨན་བཅོས་བྱེད་དགོས་ཚེ། ས་གནས་ས་ཐོག་གི་དང་བླངས་ཞབས་ཞུ་བྱེད་མཁན་ལ་བློ་འདྲི་བྱེད་ཆོག
རྩ་གཉིས་ཨང་རྟགས་འདི་བཤེར་ནས་མིང་ཐོ་འགོད་དགོས།
གཅིག བློ་འདྲིའི་ཁ་པར།
0891-6629060
གཉིས། སྨན་བཅོས་ཀྱི་དུས་ཚོད།
2024ལོའི་ཟླ་1ཚེས་5ཉིན།(གཟའ་པ་སངས)ཆུ་ཚོད་16:00-17:30
གསུམ། སྨན་བཅོས་བྱེད་ས།
བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཐོག་སོ་དང་པོ།(བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཚ་རྒུར་ལམ་ཆེན་སྒོ་རྟགས་10པ)