དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གི་མང་ཚོགས་ལ་བགོ་འགྲེམས་རག་པ་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-05

    ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྟོད་ཤང་ཀ་ལིང་སྒང་གྲོང་ཚོ་དང་། རུན་སྤུངས་སྒང་གྲོང་ཚོ། སྒང་དགུ་གྲོང་ཚོ་བཅས་གྲོང་ཚོ་གསུམ་གྱིས་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་ཚོགས་ཆེན་འཚོགས་པ་རེད།

    བགོ་འགྲེམས་བྱེད་པའི་ས་གནས་ས་ཐོག་ཏུ་དགའ་སྤྲོའི་རྣམ་པས་ཁེངས་ཤིང་། གྲོང་མི་ཚོས་གོ་རིམ་ལྡན་པའི་ངང་རྩིས་ཐོར་ལྟ་བ་དང་། མིང་རྟགས་བཀོད་པ། གླ་ཆ་དང་ཁེ་སྤོགས་ལེན་བཞིན་མཆིས། སྒང་དགུ་གྲོང་ཚོའི་གྲོང་མི་ཕུར་མཚམས་ཀྱིས་དགའ་ཚོར་ཆེན་པོས། 2023ལོར་ང་ལ་ཁེ་སྤོགས་སྒོར་11100རག་བྱུང་བས་ཧ་ཅང་དགའ་པོ་བྱུང་། ད་ལོ་དེ་བས་ཡག་ཏུ་འགྲོ་བའི་ཡིད་ཆེས་ཡོད་ལ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་རེད་ཅེས་བརྗོད།

    2023ལོར། གྲོ་མོ་རྫོང་གྲོ་མོ་སྟོད་ཤང་ཀ་ལིང་སྒང་གྲོང་ཚོ་དང་། རུན་སྤུངས་སྒང་གྲོང་ཚོ། སྒང་དགུ་གྲོང་ཚོ་བཅས་གྲོང་ཚོ་གསུམ་གྱི་མཉམ་ལས་ཁང་གིས་གྲོ་མོ་རྫོང་གི་2023ལོའི་རང་བྱུང་ནགས་ཚལ་བསྐྲུན་པའི་རྣམ་གྲངས་ཀྱི་འགན་འཁུར་ཏེ་མང་ཚོགས་མཉམ་ལས་ཁང་གི་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་ལ་ཞུགས་ནས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བགོ་འགྲེམས་ཚོགས་ཆེན་ལ་གླ་ཆ་དང་ཁེ་སྤོགས་བསྡོམས་སྒོར་ཁྲི་326སྤྲད་པའི་ནང་མང་ཚོགས་318ཀྱི་ངལ་ནུས་གླ་ཆ་སྒོར་ཁྲི་141.2དང་མང་ཚོགས་ལ་བགོས་པའི་ཁེ་སྤོགས་སྒོར་ཁྲི་184.8ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།