དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-05

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ལས་བྱེད་ལས་བཟོ་དང་དགེ་སློབ་ཚོའི་མཐུན་སྒྲིལ་གྱི་འདུ་ཤེས་ཆེ་རུ་བཏང་བ་དང་། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོར་བཙུཌ་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་མི་རིགས་མཐུན་སྒྲིལ་དང་སློབ་དཔྱོད། གློག་སྤྱོད་སློབ་ཁྲིད་བཅས་ཟུང་འབྲེལ་དམ་ཟབ་བྱས་ཤིང་། སློབ་ཁྲིད་བགྲོ་གླེང་དང་། སློབ་ཚན་མཉམ་དུ་གྲ་སྒྲིག ལས་གཞིར་ཞིབ་འཇུག་སོགས་བྱས་པ་བརྒྱུད། སློབ་ཚན་གཞན་དག་ཁྲོད་དུ་འདུས་པའི་མི་རིགས་མཐུན་སྒྲིལ་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཏེ། སློབ་མ་ཚོས་ཤེས་བྱ་སློབ་སྦྱོང་ཐུབ་ཡོད་ལ་གནས་ལུགས་ཀྱང་རྟོགས་པ་དང། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་རིག་ཚན་སློབ་ཚན་གཉིས་ཀར་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་བཏང་བ་རེད།

    མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་། “ལོ་རྒྱུས་བཞི” བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་སོགས་སྤེལ་བ་མ་ཟད། ཏང་གི་སློབ་གསོའི་དམངས་ཕན་སྲིད་ཇུས་དང་དེ་བཞིན་ཉེ་འགྲམ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་སློབ་མས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱས་ཡོད། སྒེའུ་ཁུང་དང་། བར་ཁྱམས། ཟ་ཁང་། འཛིན་གྲྭ། ཉལ་ཁང་སོགས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་ནང་དོན་ཚད་ལྡན་དུ་བཏང་བ་དང་། “རིག་ཚན་གསུམ་གྱི་སློབ་གཞི”དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། མི་རིགས་མཐུན་སྒྲིལ་དང་སློབ་གསོའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    “གྲོང་གསེབ་དར་རྒྱས་དང་། ནག་ཆུའི་འབད་འཐབ”གཞི་རྟེན་དུ་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ད་དུང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུཌ་འདུན་མཉམ་དུ་གཏོད” “སེ་འབྲུའི་རྡོག་པོ་ཆུང་ཆུང་། ཀྲུང་ཧྭར་འཆང་བའི་བརྩེ་སེམས”སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། གཞོན་པས་རྒན་པར་ཁྲིད་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས“ཕྲུ་གུ་གཅིག་ལ་སློབ་གསོ་གཏོང་བ་དང་། ཁྱིམ་ཚང་གཅིག་ལ་སྣེ་ཁྲིད་བྱེད་པ། གྲོང་ཚོ(གྲོང་ལྷན)གཅིག་ལ་ཤུགས་རྐྱེན་ཐེབས་པ། ནག་ཆུའི་གང་སར་ཡ་རབས་ལྡན”བཅས་ཀྱི་དམིགས་ཚད་ལས་འགན་སྒྲུབ་པར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།