ཆུ་ཤུར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།
ཉེ་ཆར། ཆུ་ཤུར་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་གནམ་ཤང་དུ《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》གི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། ཀྲུང་གུང་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གདན་དྲངས་ཏེ《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》ལ་ཕྱོགས་ཡོངས་ནས་གསལ་འགྲེལ་བྱས་པ་རེད།
སྒྲོག་འགྲེལ་བྱེད་རིང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས”བརྟན་པོར་འཛུགས་པ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གཞི་རྟེན་དུ་བྱས་ནས། ལས་བྱེད་པ་དང་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་དགོས་ལུགས་བསྟན་ཡོད།
སྒྲོག་འགྲེལ་བྱེད་རིང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར《ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། མི་ཚང་མས་མཐུན་སྒྲིལ་ལ་སྣང་ཆེན་དང་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཆུ་ཤུར་དུ་རབ་ཏུ་བཞད་པར་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།