ཞིང་འབྲོག་ཐོན་ལས་སྟོབས་ཆེར་བཏང་ནས་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱས་པ།
—— ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བའི་སྐོར་བཀོད་པ།
བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གིས“ཞིང་ལས་ཐོན་ལས་རིམ་སྤོར་འདེབས་གསོའི་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་སྤྲོ་གསེང་ཞིང་ལས་ལྟ་སྐོར་ཁུལ། ཞིང་ལས་ཤེས་ལྡན་པ་གསོ་སྐྱོང་དང་ལག་རྩལ་གསོ་སྦྱོང་རྟེན་གཞི། ཞིང་པ་འབབ་འཕར་ཕྱུག་འགྱུར་གྱི་འཕར་སྣེ”བཅས་གཏོད་པའི་འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ཏེ་ཐང་རྒོད་ཕྱོཌ་བསྡུས་འགོག་བཅོས་དང་ལེཌ་བསྡུས་ཅན་གྱི་ས་ཞིང་བེད་སྤྱོད་མཉམ་འདྲེས་ཐུབ་པར་བྱས་ནས་སྙེ་མོ་ཤང་གི་ས་རྒོད་མུའུ་2259.2གསར་སྦོལ་བྱས་ཏེ། བོད་ལྗོངས་ཏེ་ཆིང་ཡོན་བོད་བྱ་གསོ་ཚཌ་རྟེན་གཞི་དང་འབྲི་གཡག་དུས་ཐུང་སྡོམ་གསོས་རྟེན་གཞིའི་སྙེ་མོ་ཤང་གི་ཡན་ལག་ར་བ་བཙུཌ་པ་དང་། ཤིང་འབྲས་དང་སྔོ་ཚལ་འགྱིག་ཤོག་དྲོད་ཁང་སྟར་པ་117བསྐྲུན་པ་ལས་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་གྲུབ་ཡོད། དེས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་གཞི་ཁྱོན་ཅན་གྱི་ཐོན་ལས་ནས་འབབ་འཕར་ཕྱུག་འགྱུར་དང་ཕན་འབྲས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
སྙེ་མོ་རྫོང་གིས་ཤེས་ལྡན་པའི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱས་ནས་མྱུ་གུ་གསོ་བ་དང་། ལག་རྩལ་མཛུབ་ཁྲིད། སྤྱི་འདོམས་བྲིན་ཚོང་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ལ་བརྟེན་ནས་ཉེ་འཁོར་གྱི་མང་ཚོགས་སྐུལ་ཁྲིད་ཐུབ་པ་དང་འབབ་འཕར་ཡོང་བ་བྱས་པ་མ་ཟད། ལག་རྩལ་ཡང་སྦྱོང་ཐུབ་པ་བྱུང་ནས་ལྟོ་གོས་འགན་ལེན་དང་བསམ་བློའི་གོ་རྟོགས་མཐོ་རུ་ཕྱིན་ནས་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད།
“འབྲི་གཡག་ཧྲུའུ་ཅི”མཱ་ཨན་དབྱང་2017ལོར་རི་མཚོ་གྲོང་ཚོར་ཧྲུའུ་ཅི་དང་པོའི་འགན་འཁུར་བར་མངགས་ཚུན། ཁོང་གིས་ཐོག་མཐའ་བར་གསུམ་དུ་འབྲི་གཡག་དུས་ཐུང་སྡོམ་གསོས་རྟེན་གཞིའི་སྙེ་མོའི་ཡན་ལག་ར་བའི་འབྲི་གཡག་ལ་དམིགས་ཏེ་མང་ཚོགས་དང་མཉམ་དུ་འཚོ་བ་སྐྱེལ་བ་དང་། ལས་ཀ་བྱེད་པ། སློབ་སྦྱོང་བྱེད་པ་བཅས་བྱས་ཤིང་། གསོ་ཚགས་ལག་རྩལ་གཅིག་ཀྱང་མི་ཤེས་པ་ནས་ཉིན་རེའི་ཕྱུགས་ཚང་དོ་དམ་དང་། འབྲི་གཡག་གསོ་ཚགས། ཕྱུགས་རའི་རྒྱབ་ཕྱོགས་ཞབས་ཞུ་འགན་ལེན་བཅས་ཁོང་གི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བར་གྱུར་ཡོད། བརྒྱུད་རིམ་དེར་ཕྱིར་དྲན་བྱེད་སྐབས་མཱ་ཨན་དབྱང་གིས“ང་ཧྲུའུ་ཅི་དང་པོ་ཡིན་པས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་ཡག་པོ་སྐྱེལ་བ་དང་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དེ་བས་ཆེ་རུ་གཏོང་བའི་འགན་འཁྲི་ཡོད”ཅེས་བཤད།
སེའུ་འདེབས་མཁན་བདེ་སྐྱིད་ཀྱིས་ངས་སྦྱངས་པའི་ཞིང་ལས་ལག་རྩལ་ལ་བརྟེན་ནས་སེའུ་ས་བབ་མཐོ་ཚད་སྨི་4000ཟིན་པའི་ས་ཆར་འདེབས་འཛུགས་བྱེད་པའི་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་བས་སེའུ་ས་མཐོ་དང་སྙེ་མོར་སྐྱེ་འཚར་ཡག་པོ་བྱུང་ཡོད། ཁོང་གིས་སློབ་ཁྲིད་ཞིབ་ཚགས་དང་རྒྱུན་ཆད་མེད་པར་ལྕག་སྐུལ་བྱས་པར་བརྟེན། གྲོང་མི་བསྟན་པ་རབ་རྒྱས་དང་གྲུང་ཏོག་ལྷ་མོ་གཉིས་ཀྱིས་ལོ་གཅིག་ནང་སེའུ་ལ་གཡོག་བྱེད་བྱེད་སྟངས་ཁོང་དུ་ཆུད་ནས་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད། གཞན་ཡང་བདེ་སྐྱིད་ཀྱིས་ད་དུང་གྲོང་མི་ཕུན་ཚོགས་ཚེ་རིང་ལ་དྲོད་ཁང་ཆེ་མོ་འགན་གཙང་སྤྲད་པ་དང་ཁོང་གིས་ཀྲོ་མ་ཀྲུ་དང་ཧོང་ཀྭ་སོགས་སྔོ་ཚལ་འདེབས་འཛུགས་ལག་རྩལ་བྱང་ཆུབ་པོ་བྱུང་ནས་ཕྱུག་འགྱུར་འཇོན་ཐང་ཅན་ལ་གྱུར་ཡོད།
“ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་ལ་བརྟེན་ནས་སྐུལ་ཁྲིད་བྱེད་པ། གླིང་ཁུལ་ལ་བརྟེན་ནས་སྐུལ་འདེད་གཏོང་བ”བཅས་ཀྱི་བསམ་ཕྱོགས་ལ་གཞིགས་ཏེ། སྙེ་མོ་རྫོང་གིས་ཕྱོགས་ཁག་གི་ཐོན་ཁུངས་གང་ལེགས་སྤྱད་པ་དང་ལྗོངས་ཕྱི་ནང་གི་རིཌ་གཅིག་མཁས་ཅན་གདན་དྲངས་ཏེ་རྣམ་གྲངས་འདེབས་འཛུགས་དང་། དོ་དམ། གཉེར་སྐྱོང་སོགས་ཐད་ཆེད་ལས་ལག་རྩལ་གྱི་མཛུབ་ཁྲིད་བྱས་པ་མ་ཟད། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཆེ་བ། སྒྲིག་བཀོད་དང་སྒྲིག་ཆས་སྔོན་ཐོན་ཡིན་པ། ཐོན་སྐྱེད་བྱེད་སྟངས་གནོད་མེད་ཡིན་པ། ཁྱབ་འགྱེད་སྐུལ་ཁྲིད་ནུས་ལྡན་བཅས་ཀྱི་ཐོན་ལས་མ་ལག་ཅིག་ཧུར་ཐག་བཏོད་ཡོད།
འབྲི་གཡག་ཚད་ལྡན་ཅན་གྱི་སྡོམ་གསོས་རྟེན་གཞིའི་སྙེ་མོ་ཤང་ཡན་ལག་ར་བ་དང་མར་རྐྱང་ཤང་གི་ར་བ་གཙོ་བོས་ས་བབ་མཐོ་དམན་ལ་གཞིགས་ནས“ཕྱུགས་སྤེལ་ཞིང་གསོ”དང་ལོ་ཕྱེད་ལོན་པའི་བེའུ“ཕྱིར་འཚོ་བ་དང་ལྟོ་སྣོན་སྟེར་བ་ཟུང་འབྲེལ”དང་ཕྱེད་ཚང་གསོའི་ཞིབ་བསྡུར་ཚོད་ལྟ་བྱས་ཤིང་། འབྲི་གཡག་གསོ་ཚགས་ཀྱི་གྲངས་གཞི་ཞིབ་ཕྲ་བཀོད་པ་བརྒྱུད། ཚང་གསོས་དང་ཕྱིར་འཚོ་བ་དང་། ཞིང་ཁུལ་དང་འབྲོག་ཁུལ་དུ་སྡོམ་གསོས། བེའུ་གསོ་སྤེལ། འབྲི་དང་བེའུ་བཅས་ལ་གྲངས་གཞི་ཞིབ་བསྡུར་ཚོད་ལྟ་ཞིབ་ཚགས་བྱས་ནས་ཡོང་འབབ་མང་དུ་དང་ཉེན་ཁ་ཆུང་དུ་བཏང་སྟེ་མང་ཚོགས་ལ་འབྲི་གཡག་གསོ་ཚགས་བྱེད་པར་ཚན་རིག་དང་མཐུན་པའི་གྲངས་གཞི་མཁོ་འདོན་བྱས་པ་མ་ཟད། གོམ་སྟབས་རྗེས་མར་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱེད་པར་གྲངས་གཞིའི་འདེགས་སྐྱོར་ཡང་བྱས་ཡོད། རྣམ་གྲངས་གཉེར་སྐྱོང་བྱས་པ་ནས་བཟུང་། རིམ་རྩིས་བྱས་ན་འབྲི་གཡག་མགོ་གྲངས་812བཤས་བཏང་བར་སྤྱིའི་ཡོང་འབབ་སྒོར་ཁྲི་880ལྷག་ཙམ་ཟིན་པ་དང་། ངལ་ནུས་བགོ་འགྲེམས་སྒོར་ཁྲི་51.45རག་པ། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་12543བྱུང་ནས་དམིགས་བསལ་ཚོགས་སྤྱི་དང་། འགན་ལེན་ལྔའི་དུད་ཚང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་། དབང་པོ་སྐྱོན་ཅན། མི་སྣ་རྒན་གྲས་གསུམ། ལོ་70ཡན་གྱི་ལོ་ན་མཐོ་བའི་མི་བཅས་ཁྱོན་138ལ་འཚམས་འདྲིའི་དངུལ་སྒོར་ཁྲི་24.3སྤྲད་པ་རེད།
སྙེ་མོ་རྫོང་གིས་མཐོ་གསར་ཞིང་ལས་དཔེ་སྟོན་རྫོང་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས“རྒྱལ་ཁབ་ཀྱི་སྐྱེ་ལྡན་ཐོན་རྫས་བདེན་དཔང་ར་སྤྲོད་དཔེ་སྟོན་འཛུགས་གཏོད་ཁུལ”གྱི་ཕན་འབྲས་ཆེ་རུ་བཏང་བ་དང་། རིག་ནུས་དྲོད་ཁང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། དྲོད་ཁང་གི་ཆུ་གློག་དང་དྲོད་ཚད་ཚོད་འཛིན་སྒྲིག་ཆས་དང་དེ་བཞིན་གློག་མིག་སོགས་ཀྱི་སྒྲིག་ཆས་སྒྱུར་བཀོད་རིམ་སྤོར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་འབྲིང་སྟོད་ཡན་གྱི་རིམ་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་མཁོ་སྤྲོད་རྟེན་གཞི་ཧུར་ཐག་བཏོད་ཡོད།
ཁྲོམ་རའི་དགོས་མཁོར་དམིགས་པ་དང་ཕྱོགས་ཁག་གི་ཐོན་ཁུངས་གཅིག་སྡུད་བྱས་ནས་འདེབས་འཛུགས་རྣམ་གྲངས་མི་འདྲ་བ་ལུགས་མཐུན་ངང་བཀོད་སྒྲིག་བྱས་པ་སྟེ། རིག་ནུས་དྲོད་ཁང་དཔེ་སྟོན་ཁུལ་གྱི་སྟར་པ་གཅིག་གི་ནང་གཙོ་བོ་སྣ་ཁ་གསར་པ་ཚོད་འདེབས་སོགས་བྱས་ཡོད། རིམ་འདས་དྲོད་ཁང་ཆེ་མོ་སྟར་པ་10ཡི་ནང་ལྗོངས་ནང་ཁུལ་གྱི་ཚན་རྩལ་ཀུང་སི་མང་པོ་ཞིག་དང་མཉམ་ལས་བྱས་ཏེ་རླམ་རྩྭ་ཕོ་སུལ་དང་། ཤ་མོ། ཀོ་ཤ་སོགས་རྩེར་སོན་ཐོན་རྫས་འདེབས་འཛུགས་ཚོད་ལྟ་བྱས་ནས་ཐོན་ལས་ཧེ་བག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྩེར་སོན་ཤིང་འབྲས་འདེབས་འཛུགས་ཁུལ་གྱི་དྲོད་ཁང་སྟར་པ་16གི་ནང་པེ་ཅིང་གི་བོད་སྐྱོར་ཚན་པ་དང་མཉམ་ལས་བྱས་ནས་གཙོ་བོ་སེའུ་སྣ་ཚོགས་བཏབ་ཡོད། མཁའ་འགྲུལ་སྔོ་ཚལ་ཐོན་སྐྱེད་ཁུལ་གྱི་དྲོད་ཁང་སྟར་པ་90ཡི་ནང་གཙོ་བོ་ས་མཐོའི་འཇིག་རྟེན་འཕུར་སྐྱོད་ལ་མཁོ་བའི་སུར་པན་དང་། ཀྲོ་མ་ཀྲུ། ཆེ་ཙི། ཧོང་ཀྭ ཤིས་ཀྭ ཀྭ་མངར་མོ་སོགས་སྤྱི་གནོད་མེད་པའི་ཤིང་འབྲས་དང་སྔོ་ཚལ་བཏབ་ཡོད། མིག་སྔའི་བར་སྙེ་མོ་རྫོང་གིས་མཁའ་འགྲུལ་སྔོ་ཚལ་དང་། སེའུ། ཀོ་ཤ། ཤ་མོ་སོགས་ཏུན་252.7ཐོན་སྐྱེད་བྱས་པར་ཡོང་འབབ་སྒོར་ཁྲི་471ཟིན་པ་དང་། མི་89ལས་ཞུགས་བརྟན་པོ་བྱུང་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.8ཡན་ཟིན་པ། རིམ་རྩིས་བྱས་ན་གནས་སྐབས་གླ་པ་མི་ཐེངས་1530ལྷག་ཙམ་ལ་སྐུལ་ཁྲིད་བྱས་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4000བྱུང་ཡོད།