དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས།

    “མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-05

    གྲོང་གསེབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དང་གཞུང་ལམ་འགྲིམ་འགྲུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། དགུན་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་པ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རུ་ཆེན་གྱིས་རྟ་དཀར་ཤང་བྱེ་ནུབ་གྲོང་ཚོར་བསྐྱོད་ནས“མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་ངོ་ཐུག་གདོང་འཕྲད་ཀྱི་གསལ་འགྲེལ་བྱེད་པའི་ཐབས་ལམ་བརྒྱུད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཞིང་། ཆང་རག་བཏུངས་ནས་རླངས་འཁོར་གཏོང་བ་དང་། འཁོར་རྟགས་དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། མི་ཚད་ལས་བརྒལ་ནས་བླུགས་པ། ཞིང་སྤྱོད་འཁོར་གསུམ་སྦག་སྦག་ནང་མི་བླུགས་པ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་གྱི་གནོད་འཚེར་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཚང་མར་གཞུང་ལམ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རླངས་འཁོར་གཏོང་སྐབས་ཀྱི་གོམས་གཤིས་ངན་པ་རང་རྟོགས་ངང་དོར་ནས་ཡ་རབས་ཁྲིམས་སྲུང་གི་ཁ་ལོ་བ་ཞིག་བྱེད་དགོས་པའི་རེ་བ་བཏོན་པ་རེད།

    འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་ནི་ཡུན་རིང་ལ་རྒྱུན་མཐུད་ཀྱི་འདུ་འགོད་ཅིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་གིས་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་ནང་དོན་དང་རྣམ་པ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། སྒྲོག་འགྲེལ་སློབ་གསོ་གནད་ལ་འཁེལ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། “མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་སྐྱོད་པའི”འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་གསར་གཏོད་བྱེད་པ། “གནད་ཀྱིས་ཁྱོན་ཁྲིད”ནས་གྲོང་གསེབ་ཁུལ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་ཁྱབ་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་ཁ་ལོ་བ་དང་འགྲུལ་པ་ཚོའི་བསམ་བློའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།