དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་ཕུ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་དོན་རུ་ཁག་གིས་འབྲོག་པར་ཕ་ཕྱུགས་ཉོས་ཏེ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-05

    ཉེ་ཆར། ལྷུན་གྲུབ་རྫོང་ཕུ་མདོ་ཤང་རི་ཕུ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་དོན་རུ་ཁག་གིས་ཕ་ཕྱུགས་སྤྲོད་པའི་མཛད་སྒོ་འཚོཌ་ཏེ་ཚོགས་ཆུང་གཞིར་བཟུང་མིང་རྟགས་འགོད་པ་དང་། གོ་རིམ་ཨང་ཀི་འཐེན་པ། ཕ་ཕྱུགས་རྩིས་ལེན་པ་བཅས་བྱས་པ་དང་འབྲོག་པས་རང་གིས་འཐེན་པའི་གོ་རིམ་ཨང་རྟགས་ལྟར་ཕ་ཕྱུགས་འཁྲིད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་དེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐད་ཤུགས་བརྒྱབ་ནས་འབྲོག་པའི་དགོས་མཁོ་དམངས་འཚོའི་འདུ་འགོད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པ་རེད། དུས་འགོར་བརྟག་ཞིབ་བྱེད་པའི་རྨང་གཞིའི་ཐོག་ལྷུན་གྲུབ་རྫོང་ཕུ་མདོ་ཤང་རི་ཕུ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་རི་ཕུ་གྲོང་ཚོར“དམངས་ཆེད་བྱ་བ་དངོས་སྒྲུབ་པའི”རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་རི་ཕུ་གྲོང་ཚོར་ཕ་ཕྱུགས་81ཉོས་ཤིང་། རྣམ་གྲངས་དེ་ལག་ལེན་བསྟར་བ་དེས་ཕ་ཕྱུགས་གི་སྤུས་ཚད་མཐོ་རུ་དང་འབྲོག་པའི་ཕྱུགས་ཟོག་ཐོན་རྫས་ཀྱི་ཡོང་འབབ་མང་དུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད།

    གོམ་སྟབས་རྗེས་མར་རི་ཕུ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ལས་དོན་རུ་ཁག་དང་རི་ཕུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་གསེབ་དར་རྒྱས་གཏོང་བ་གོ་སྐབས་སུ་བྱས་ནས་རི་ཕུ་གྲོང་ཚོའི་འབྲོག་ལས་ལེགས་ཆ་སྤྱད་དེ་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མི་ཚང་མར་ཕྱུག་འགྱུར་གྱི་རྩལ་ནུས་ཡོད་པ་དང་ཁྱིམ་ཚང་ཚང་མར་ཕྱུག་འགྱུར་གྱི་ཐོན་ལས་ཡོད་པའི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།