དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2023ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-05

    ཀྲུང་གོའི་གཙོ་བདག་གི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ། ཟིང་ཆ་ཆེ་བའི་འཛམ་གླིང་ལ་གཏན་འཁེལ་རང་བཞིན་བསྣན་ནས་བརྟན་ལྷིང་གི་རང་བཞིན་ཆེ་རུ་བཏང་བ།

    “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་ནས་ལོ་བཅུ་འཁོར་བར་གཡུར་ཟའི་གྲུབ་འབྲས་ཐོབ་པ། ཀྲུང་གོས“བྱ་སྤྱོད་ཁག་བརྒྱད”ཁྱབ་བསྒྲགས་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ལ་སྐུལ་འདེད་བཏང་བ།

    ཧ་མ་སི་དང་དབྱི་སི་རལ་དབར་རེས་སྐོར་གསར་པའི་གདོང་ཐུག་ཐོན་པ།

    ཀྲུང་གོས་དབྱི་རན་དང་སོ་ཏི་ཨ་རབ་དབར་གྱི་འབྲེལ་བ་སླར་གསོར་བར་འདུམ་བྱས་ཏེ་དབུས་ཤར་ས་ཁུལ་གྱིས་འདུམ་འགྲིག་མཉམ་ལས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱས་པ།

    འཛམ་གླིང་གི་དཔལ་འབྱོར་སླར་གསོ་དཀའ་བ་དང་ཀྲུང་གོའི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་གདེང་ཚོད་ཆེ་རུ་ཕྱིན་པ།

    ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་ཛ་དྲག་ཏུ་ཕྱིན་པ།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་ལམ་སྲོལ་གྱི་ཁོངས་མིའི་རྒྱལ་ཁབ་མང་དུ་བཏང་བ། ཨ་ཧྥེ་རི་ཁ་མནའ་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པར་ཞུགས་པའི་གདན་ཞུ་ཐོབ་པ།

    “ཨེར་ཉི་ནོ“སྣང་ཚུལ་གྱིས་འཛམ་གླིང་ཡོངས་སུ་དམིགས་བསལ་གནམ་ངན་ཡང་ཡང་བསྟན་ནས2023ལོ་ཟིན་ཐོར་བཀོད་ཚུན་གྱི“ཚ་བ་ཆེ་ཤོས་ཀྱི་ལོར”གྱུར་པ།

    གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་མྱུར་པོ་ཕྱིན་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་དང་བཅོས་སྐྱོང་གལ་ཆེ་མཉམ་དུ་འཛིན་དགོས་པའི་རེ་འབོད་བྱས་པ།

    ཆབ་སྲིད་ཛ་དྲག་ཏུ་སོང་བ་ལས་ཨ་རིར་ལོ་རྒྱུས་སུ་འདེམས་ཤོག་འཕངས་ནས་གནས་དབྱུང་བཏང་བའི་གྲོས་ཁང་འོག་མའི་གྲོས་དཔོན་ཐོག་མ་ཐོན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།