དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཚོང་དུད་དུ་བསྐྱོད་ནས་ཐོ་འགོད་བྱེད་པའི་ལས་དོན་དངོས་སུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-04

    ཚེས་1ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་ཚོང་དུད་དུ་བསྐྱོད་ནས་ཐོ་འགོད་བྱེད་པའི་ལས་དོན་གྱི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རེན་ཝེ་ཡིས། རིམ་ཁག་ཡོངས་བཤེར་ལས་ཁུངས་ཀྱིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། སྡེ་ཚན་མཉམ་འགུལ་གྱིས་འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། ཡོངས་བཤེར་ལས་དོན་པས་ཁྲིམས་ལྟར་དང་། རང་ཚུགས་ཐུབ་པ། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྒྲུབ་དགོས་པ་དང་། ཡོངས་བཤེར་བྱ་ཡུལ་གྱིས་བདེན་པ་བདེན་ཐུབ་དང་། ཡང་དག་པ། ཆ་ཚང་བ་བཅས་ཀྱི་སྒོ་ནས་ཡོངས་བཤེར་གྱི་དཔྱད་གཞི་མཁོ་འདོན་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཡོངས་བཤེར་ལས་དོན་ལ་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱས་ནས། ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤུས་ཚད་མཐོ་པོས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡོངས་བཤེར་ནང་ཁྱོན་ཡོངས་བཤེར་ལས་དོན་པ་6000གིས་2024ལོའི་ཟླ་1ཚེས་1ཉིན་ནས་ཟླ་4ཚེས་30ཉིན་བར་ཚོང་དུད་ཁག་ཏུ་བསྐྱོད་ནས་ཐོ་འགོད་ལས་དོན་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།