དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོའི་རྒྱལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་གི་ལེགས་སྐྱེས་མངོན་གསལ་གྱི་བྱ་དགའ་ཡོངས་བསྒྲགས་བྱས་པ།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭ་མིང་གྲལ་དུ་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-04

     ཉེ་ཆར་འཚོགས་པའི་རྒྱལ་ཡོངས་ལུས་རྩལ་ཅུས་ཀྲང་གི་ཚོགས་འདུའི་ཐོག་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་2023ལོའི་རྒྱལ་ཡོངས་ཀྱི་ལུས་རྩལ་བྱ་གཞག་གི་ལེགས་སྐྱེས་མངོན་གསལ་གྱི་བྱ་དགའ་ཐོབ་མཁན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་སྦྲགས། ས་གནས་ས་ཐོག་ཏུ་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭར་བྱ་དགའ་ཐོབ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥན་ཀྲེན་ཆང་གིས། བྱ་དགའ་ཐོབ་པ་ནི་གཟི་བརྗིད་རེད་ལ་སྐུལ་ལྕག་བྱས་པ་ཞིག་ཀྱང་རེད། སླད་ཕྱིན་སློབ་གྲྭས་གཟི་བརྗིད་ལ་གཅེས་སྤྲས་བྱས་ཏེ་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་། ཡང་འབད་བསྐྱར་འབད་བྱེད་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས། གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་གྲུབ་འབྲས་གསར་པ་སླར་ཡང་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།