དབུ་ཤོག
  • ས་ཆ་དེ་དག་ལ་ལོ་གསར་པའི་གངས་དང་པོ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-01-03

    གསར་འགོད་པས་ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར། གཟའ་འཁོར་འདིར་ལྷ་ས་གྲོང་ཁྱེར་དུ་གནམ་གཤིས་གྲང་མོ་ཡང་ཡང་བསྟན་རྒྱུ་དང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་ལ་གངས་འབབ་རྒྱུ། གཟའ་མཇུག་ཏུ་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཐོལ་རླུང་རིམ་པ་ལྔ་ཡས་མས་རྒྱག་རྒྱུ། ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་ཆེ་བ་རིམ་པ་བདུན་ནས་བརྒྱད་བར་རྒྱག་རྒྱུ་རེད་འདུག

    གནམ་གཤིས་ཀྱི་གནས་ཚུལ་ཞིབ་ཕྲ་གཤམ་གསལ།

    གཟའ་མིག་དམར་ལ་ཉིང་ཁྲི་དང་། ལྷོ་ཁ། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད། ལྷ་སའི་ཤར་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆར་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་ལྷག་པ་ནས་པ་སངས་བར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ(ཆར་པ)འབབ་རྒྱུ་དང་ས་བབ་མཐོ་བའི་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷ་སའི་ཤར་རྒྱུད། ནག་ཆུའི་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཡུད་ཙམ་འབབ་རྒྱུ། དེ་མིན་གྱི་ས་ཆར་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས(ཆར་པ)ཡུད་ཙམ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་དུ་འགྲོ་རྒྱུ།

    གཟའ་འཁོར་འདིའི་ནང་ནག་ཆུ་དང་། མངའ་རིས་ཀྱི་ཤར་རྒྱུད། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་བཅས་ལ་ལྷགས་པ་ཆེ་བ་རིམ་པ་བདུན་ཡས་མས་རྒྱག་རྒྱུ་དང་དེ་བཞིན་ལྷ་ས་དང་། ལྷོ་ཁ། གཞིས་རྩེའི་བྱང་རྒྱུད་དང་དབུས་རྒྱུད་བཅས་ལ་ཐོལ་རླུང་རིམ་པ་ལྔ་ཡས་མས་རྒྱག་རྒྱུ།

    ཤ་ཚའི་དྲན་སྐུལ།

    1.གཟའ་འཁོར་འདིའི་ནང་ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་གངས་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་གསོག་ཐེབས་ནས་འཁྱག་པ་ཐེབས་སྲིད་པས། འགྲིམ་འགྲུལ་བདེ་འཇགས་ལ་དོགས་ཟོན་བྱེད་དགོས།

    2.གཟའ་འཁོར་འདིའི་ནང་སྐབས་འགར་ལྷགས་པ་ཆེན་པོ་རྒྱག་སྲིད་པས། ཕྱི་རོལ་དུ་ཕུབ་པའི་གུར་དང་སྟབས་བདེའི་ཁང་པ་སོགས་བརྟན་དུ་གཏོང་དགོས། གཞན་ཡང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།