དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཧྭ་གསར་འགྱུར་ཁང་ལུས་རྩལ་པུས།

    2023ལོའི་ཀྲུང་གོའི་ལུས་རྩལ་པ་རྩེ་གྲ་བཅུ་བདམས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-03

    ① ཏིང་ལི་རེན། (སྐྱེས་པ། ལོ་31 རྒྱལ་སྤྱིའི་མིག་མངས) 2023ལོའི་ཟླ་4ཚེས་30ཉིན། ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་རུ་2023ལོའི་རྒྱལ་སྤྱིའི་མིག་མངས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་མིག་མངས་འཛམ་གླིང་ཨང་དང་པོའི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཏིང་ལི་རེན་གྱིས་ཨུ་རུ་སུའི་བདམས་ཐོན་པ་ཉེ་པོ་མུ་ཉི་ཡ་ཆི་ལས་རྣམ་པར་རྒྱལ་ཏེ། རྒྱལ་སྤྱིའི་མིག་མངས་ཀྱི་ལོ་རྒྱུས་ཐོག་འཛམ་གླིང་གི་ཨང་དང་པོ་བཅུ་བདུན་པར་གྱུར་བ་དང་ཀྲུང་གོ་ནས་ཡིན་པའི་རྒྱལ་སྤྱིའི་མིག་མངས་ཀྱི་འཛམ་གླིང་གི་ཨང་དང་པོ་ཐོག་མ་དེ་རེད།

    ② ཝང་ཁྲུའུ་ཆིན། (སྐྱེས་པ། ལོ་23 ཕིང་ཕང་སྤོ་ལོ) ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཝང་ཁྲུའུ་ཆིན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་གཅིག་པར་སྐྱེས་པའི་རྐྱང་རྒྱག་དང་། སྐྱེས་པའི་ཆ་རྒྱག སྐྱེས་པ་དང་བུད་མེད་མཉམ་རྒྱག སྐྱེས་པའི་ཚོགས་པ་བཅས་ཀྱི་གསེར་གྱི་རྟགས་མ་བཞི་ཐོབ་མཁན་གྱིས་ཕིང་ཕང་སྤོ་ལོ་རྒྱག་མཁན་ཐོག་མར་གྱུར་བ་རེད། 2023ལོའི་ཟླ་5པར་གཉེར་བའི་ཏེ་པན་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ལ་ཝང་ཁྲུའུ་ཆིན་དང་ཕན་ཀྲེན་ཏུང་གིས་ཀྲུང་གོའི་རུ་ཁག་ལ་སྐྱེས་པའི་ཆ་རྒྱག་གི་ཨང་དང་པོ་བླངས་པ་རེད།

    ③ ཀྲུང་གོའི་བུད་མེད་ལན་ཆིའུ་སྤོ་ལོའི་རུ་ཁག 2023ལོའི་ཟླ་7ཚེས་2ཉིན། 2023ལོའི་བུད་མེད་ལན་ཆིའུ་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་མཐའ་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་73:71གི་བསྡུར་གྲངས་ཀྱིས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ལོ་12སོང་རྗེས་བསྐྱར་དུ་ཨང་དང་པོ་བླངས་པ་རེད། 2023ལོའི་ཟླ་10ཚེས་5ཉིན་ཀྲུང་གོའི་རུ་ཁག་གིས་སླར་ཡང་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ལན་ཆིའུ་སྤོ་ལོའི་ཨང་དང་པོ་བླངས་པ་རེད།

    ④ ཝུན་ཞའོ་ཡན། (བུད་མེད། ལོ་26 དབང་པོ་སྐྱོན་ཅན་གྱི་མཆོང་རྒྱུག་འཕེན་གསུམ) ཝུན་ཞའོ་ཡན་གྱིས་ཧང་ཀྲོའུ་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་ལ་བུད་མེད་ཀྱི་སྨི་100ཡི་T37རིམ་པ་དང་། སྨི་200ཡི་T37རིམ་པ། བུད་མེད་ཀྱི་རྒྱང་མཆོང་T37/38རིམ་པ། 4×སྨི་100ཡི་སྐྱེས་པ་དང་བུད་མེད་མཉམ་འབྲེལ་མཐུད་རྒྱུག་བཅས་འགྲན་བསྡུར་ཁག་4ལ་ཞུགས་པ་མ་ཟད་ཚང་མ་ཨང་དང་པོ་བླངས་པ་དང་དེའི་ཁྲོད་མི་སྒེར་གྱི་རྣམ་གྲངས་གསུམ་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ་དང་མཐུད་རྒྱུག་རྣམ་གྲངས་ཀྱིས་ཨེ་ཤེ་ཡའི་ཟིན་ཐོ་གསར་པ་བཏོད་པ་རེད།

    ⑤ ལིའུ་ཆིང་དབྱི། (བུད་མེད། ལོ་18 ཕི་ལི་ཞབས་བྲོ) ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཕི་ལི་ཞབས་བྲོའི་མཐའ་བསྡུར་ཁྲོད་ལིའུ་ཆིང་དབྱིས་2:1གི་བསྡུར་གྲངས་ཀྱིས་རི་པིན་གྱི་གྲགས་ཅན་བདམས་ཐོན་པ་ཐང་ཆན་ཡ་མའེ་ལས་རྣམ་པར་རྒྱལ་ཏེ། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཕི་ལི་ཞབས་བྲོའི་རྣམ་གྲངས་ཀྱི་ལོ་རྒྱུས་ཐོག་གི་བུད་མེད་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ་དང་འབྲེལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཐོབ་ཐང་ཡང་ཐོབ་པ་རེད།

    ⑥ ཀྲང་ཀྲི་ཀྲེན། (སྐྱེས་པ། ལོ་27 ཝང་ཆིའུ་སྤོ་ལོ) 2023ལོར་ཀྲང་ཀྲི་ཀྲེན་གྱིས་ཀྲུང་གོའི་སྐྱེས་པའི་ཝང་ཆིའུ་སྤོ་ལོར་ཚད་བརྒལ་ཟམ་མི་ཆད་པར་ཡོང་བ་བྱས་ཡོད། མ་ཏེ་རིའི་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་རྒྱག་གྱོང་ཤོས་བཅུ་དྲུག་གི་འགྲན་བསྡུར་ཁྲོད་ལོ་རྒྱུས་ཐོག་རྩེར་སོན་འགྲན་བསྡུར་གྱི་གྱོང་ཤོས་བརྒྱད་ལ་ཚུད་པའི་ཀྲུང་གོའི་སྐམ་ས་ཆེ་མོའི་སྐྱེས་པའི་ཝང་ཆིའུ་སྤོ་ལོ་བ་དང་པོ་དེར་གྱུར་བ་རེད། ཁོང་བྱ་དགའ་ཡོད་ཚད་འགྲན་བསྡུར་གྱི་གྱོང་ཤོས་32ལ་ཐེངས་གཉིས་ཚུད་པ་དང་འབྲེལ་འཛམ་གླིང་གི་མདུན་གྲལ་གྱི་ཨང་དང་པོ་ནས་ལྔ་པ་བར་གྱི་ཆུ་ཚད་མཐོ་བའི་བདམས་ཐོན་པ་ལས་ཐེངས་དང་པོ་རྣམ་པར་རྒྱལ་བ་རེད། 2023ལོའི་ཟླ་9པར་ཀྲང་ཀྲེ་ཀྲེན་གྱིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་རྐྱང་རྒྱག་གི་ཨང་དང་པོ་བླངས་པ་དང་ཆབས་ཅིག་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཐོབ་ཐང་ཡང་ཐོབ་པ་དེའང་ཀྲུང་གོའི་སྐྱེས་པའི་ཝང་ཆིའུ་སྤོ་ལོ་ལོ་29ཡི་རྗེས་ཨེ་ཤེ་ཡའི་ཡང་རྩེར་བསྐྱར་དུ་སླེབས་པ་རེད།

    ⑦ ཀྲང་ཡུས་ཧྥེ། (བུད་མེད། ལོ་25 ཆུ་རྐྱལ) 2023ལོར་ཀྲང་ཡུས་ཧྥེ་ཡིས་ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་དང་། ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས། འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་ས་ཚིགས་གསུམ(པེར་ལིན་དང་། ཨ་ཐེན་སི། པུ་ཏ་ཕེ་སི)སོགས་ཀྱི་འགྲན་བསྡུར་ལ་ཞུགས་པ་དང་ཁྱོན་འགྲན་བསྡུར་རྣམ་གྲངས་ཐེངས་59བྱས་པར་གསེར་གྱི་རྟགས་མ་23དང་། དངུལ་གྱི་རྟགས་མ་4 ཟངས་ཀྱི་རྟགས་མ་2བཅས་ཐོབ་པ་རེད། འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཁོང་གིས་བུད་མེད་ཀྱི་སྨི་100ཡི་ཕྱེ་ལེབ་ཆུ་རྐྱལ་གྱི་རྣམ་གྲངས་ནང་ཨང་དང་པོ་བླངས་ནས་མི་སྒེར་གྱི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་ཐོག་མ་དེ་བླངས་པ་རེད།

    ⑧ ཏུང་ཧུང་ཅོན། (བུད་མེད། ལོ་43 རི་འཛེགས) 2023ལོའི་ཟླ་4ཚེས་26ཉིན་ཀྲུང་གོའི་རི་འཛེགས་པ་ཏུང་ཧུང་ཅོན་གྱིས་ས་བབ་མཐོ་ཚད་སྨི་8027ཟིན་པའི་ཤི་ཤ་སྦང་མའི་རྩེ་མོར་འཛེགས་པ་རེད། རྒྱལ་སྤྱིའི་རི་འཛེགས་ཁས་ལེན་དྲ་ཚིགས་8000ers.comཡིས་གཏན་འཁེལ་བྱས་པ་བརྒྱུད། ཏུང་ཧུང་ཅོན་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཚད་སྨི་8000ཟིན་པའི་རི་14ཚང་མའི་རྩེར་འཛེགས་མྱོང་བའི་བུད་མེད་དང་པོ་དེར་གྱུར་བ་རེད།

    ⑨ ཆིན་ཧའེ་ཡང་། (སྐྱེས་པ། ལོ་24 ཆུ་རྐྱལ) 2023ལོའི་ཟླ་7པར་གཉེར་བའི་ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ཁྲོད་ཆིན་ཧའེ་ཡང་གིས་སྐྱེས་པའི་སྨི་50དང་། སྨི་100 སྨི་200བཅས་ཀྱི་སྦལ་རྐྱལ་གྱི་གསེར་གྱི་རྟགས་མ་3བླངས་པ་རེད། ཁོང་གིས་ད་དུང་ཁྲེང་ཏུའུ་འཛམ་གླིང་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་ལ་གསེར་གྱི་རྟགས་མ་5བླངས་པ་དང་། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་རིན་ཐང་ཆེ་ཤོས་ལྡན་པའི་ལུས་རྩལ་པའི(MVP)མཚན་སྙན་ཐོབ་པ། ཆུ་རྐྱལ་འཛམ་གླིང་བུམ་པའི་ཁྲོད་འཛམ་གླིང་བུམ་པའི་ལོ་འཁོར་གྱི་ཨང་དང་པོ་བསྟུད་མར་བླངས་པ་རེད།

    ⑩ ཞེ་ཀྲེན་ཡེ། (སྐྱེས་པ། ལོ་30 མཆོང་རྒྱུག་འཕེན་གསུམ) ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞེ་ཀྲེན་ཡེ་ཡིས་སྐར་ཆ་9.97གྱི་གྲུབ་འབྲས་ཀྱིས་སྐྱེས་པའི་སྨི་100ཡི་ཨང་དང་པོ་བླངས་པ་རེད། 2023ལོའི་ཟླ་10ཚེས་4ཉིན་གྱི་དགོང་མོ་ཁོང་གིས་ད་དུང་རུ་གྲོགས་དང་མཉམ་དུ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་4×སྨི་100ཡི་མཐུད་རྒྱུག་གི་ཟངས་ཀྱི་རྟགས་མ་བླངས་པ་རེད། རིམ་གསབ་བྱས་ནས་ཐོབ་པའི་ཟངས་ཀྱི་རྟགས་མ་དེ་ནི་ཀྲུང་གོའི་སྐྱེས་པའི་4×སྨི་100ཡི་མཐུད་རྒྱུག་རུ་ཁག་ལ་ཨོ་རྩལ་འགྲན་ཚོགས་ལ་ཐོབ་པའི་བྱ་དགའི་རྟགས་མ་དང་པོ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།