དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་བློ་གསར་གླིང་དུ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-03

    ཉེ་ཆར། གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བློ་གསར་ཐོན་ལས་གླིང(གཤམ་དུ་ཇོ་མོ་གླང་མའི་རིག་གནས་བློ་གསར་གླིང་ཞེས་བསྡུ་རྒྱུ)དོ་དམ་ཨུ་ལྷན་གྱིས་ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་དང་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར་དུ་ཚོང་འགུགས་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད།

    འོས་སྦྱོར་ཚོགས་འདུ་དེ“ཡང་རྩེར་སྟོབས་ཤུགས་གཅིག་ཏུ་འདུས། འབྱུང་འགྱུར་ལམ་བུ་ཡངས་པོར་ཕྱེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཇོ་མོ་གླང་མའི་རིག་གནས་བློ་གསར་གླིང་དོ་དམ་ཨུ་ལྷན་དང་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། རྒྱལ་ནང་གི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་ཁེ་ལས་ཁྱོན་བསྡོམས་200ལྷག་ཙམ་ཚོགས་འདུར་གདན་དྲངས་པ་རེད།

    འོས་སྦྱོར་ཚོགས་འདུའི་ཐོག་ཇོ་མོ་གླང་མའི་རིག་གནས་བློ་གསར་གླིང་དང་དེ་བཞིན་གླིང་ཁུལ་ནང་ཞུགས་མཁན་འབྲེལ་ཡོད་ཁེ་ལས་ཀྱིས“བོད་ཀྱི་རིག་གནས་འགྲེམས་སྟོན་དང་། ཇོ་མོ་གླང་མའི་ལུས་རྩལ་མྱོང་རོལ། བོད་སྨན་ལུས་གསོ་སྤྲོ་གསེང་། ཞིང་སྡེའི་ངལ་གསོ”སོགས་ཀྱི་རྣམ་གྲངས་འོས་སྦྱོར་བྱས་ནས་ཁེ་ལས་མང་པོ་ཞིག་གི་སྤྲོ་སྣང་འཕེལ་ཡོད། ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས“གཞིས་རྩེའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རིག་གནས་ཀྱི་ནང་དོན་ཟབ་པ། ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་བཅས་ཡོད་པས་གཞིས་རྩེར་བསྐྱོད་ནས་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་བློ་གསར་གླིང་དུ་མ་འཇོག་བྱེད་པའི་ཡིད་ཆེས་སྔར་བས་ཆེ་རུ་འགྲོ་གི་འདུག”ཅེས་བརྗོད་པ་རེད།

    ད་ཐེངས་ཀྱི་ཚོང་འགུགས་མ་འདྲེན་བྱེད་སྒོའི་ཁྲོད་ཧེ་ལུང་ཅང་ཧའེ་ལིན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་དང་ཇོ་མོ་གླང་མའི་རིག་གནས་གསར་གཏོད་གླིང་དོ་དམ་ཨུ་ལྷན་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། ཀྲུང་གོ་འགྲེམས་སྟོན་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་དང་། སུའུ་ཁྲེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚད་ཡོད་ཀུང་སི། ཧེང་ཅང་གློག་བརྙན་མ་འཇོག་ཚད་ཡོད་ཀུང་སི། ཏེ་ཧྥེ་ཧྭ་ལྦུའུ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་སོགས་ཁེ་ལས་9ཡིས་ཇོ་མོ་གླང་མའི་རིག་གནས་གསར་གཏོད་གླིང་དོ་དམ་ཨུ་ལྷན་དང་འདོད་མཐུན་གྱི་མཉམ་ལས་གྲོས་ཡིག་བཞག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།