དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པ་མང་པོས།

    རྒྱང་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་གཏོད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-02

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྒྱང་ལམ་རླབས་པོ་ཆེར་སྐུལ་འདེད་གཏོང་རིང་། ཕྱི་ཕྱོགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཉེ་ཆར། ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པ་མང་པོ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། དུས་རབས་གསར་པའི་ལོ་བཅུའི་རིང་ཕྱི་ཕྱོགས་ལས་དོན་སྤེལ་བའི་ནང་ང་ཚོས་དཀའ་སྡུག་མང་པོ་ཁྱད་བསད་དང་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་བཏོད་པས་རང་རྒྱལ་གྱི་ཕྱི་འབྲེལ་འཐབ་ཇུས་ཀྱི་རང་བདག་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་ཅེས་བརྗོད།

    2023ལོར། གཙོ་བདག་གི་ཕྱི་འབྲེལ་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་རྒྱང་ལམ་གསར་པར་སླེབས་ནས་ངོ་མཚར་ཆེ་བའི་ལེའུ་གསར་པ་བརྩམས་ཡོད།

    “མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་ཆེན་པོའི་འོག་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད”ཅེས་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཧན་ཧུའེ་ཡིས་བརྗོད་པ་དང་། ཁོང་གིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་གཏན་ཚིགས་ཡོད་ལ་ལྷན་སྐྱེས་ཀྱི་ལེགས་ཆའང་ཡོད། དེ་བས་གལ་འགངས་ཆེ་བ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་དེ་རེད། འདི་ལོ། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཕན་ཚུན་འཚམས་འདྲི་གནང་བ་དང་། མཐོ་རིམ་དབར་འགྲོ་འོང་དེ་བས་བྱེད་མང་དུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་སྔར་བས་ཟབ་ཏུ་ཕྱིན་པ་བཅས་བྱུང་བ་དང་འབྲེལ། ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ལ་ཕན་ཚུན་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བརྗོད།

    ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤེ་ཧྥུང་གིས། འདི་ལོ་ཚུན། ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་དེ་ཙམ་བྱུང་མེད། འགག་རྩའི་དུས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་ངོ་ཞུགས་འབད་སྒྲུབ་གནང་ནས་ཅིའུ་ཅིན་ཧྲན་དུ་ཨ་རིའི་ཙུང་ཐུང་པའེ་ཀྲེན་དང་གྲུབ་འབྲས་ཐོབ་པའི་ཞལ་འཛོམས་གནང་བ་དེས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ་མ་ཟད། འབྱུང་འགྱུར་ལ་ཕྱོགས་པའི“ཅིའུ་ཅིན་ཧྲན་གྱི་རེ་འདོད”བཏོད་དེ་དུས་སྐབས་གསར་པར་ཀྲུང་གོ་དང་ཨ་རིས་ཡང་དག་པའི་མཉམ་གནས་ལམ་བུ་འཚོལ་ཞིབ་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་བསྐྱོད་དེ་ཀྲུང་ཨའི་གཙོ་བདག་ཞལ་འཛོམས་ཀྱི་གྲུབ་འབྲས་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པའི་རེ་བ་ཡོད་ཅེས་བརྗོད།

    ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་ཞའོ་ཏུང་གིས། འདི་ལོའི་ཟླ་8པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་གཡོད་ཧན་ནེ་སི་པའོ་རུ་བདེ་བླག་ངང་འཚོགས་པ་དང་འབྲེལ་ལོ་རྒྱུས་རང་བཞིན་གྱི་ཁོངས་མིའི་རྒྱལ་ཁབ་ཀྱང་གྲུབ་འབྲས་ཐོབ་པའི་ངང་མང་དུ་ཕྱིན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བར་གཞོལ་བ་དང་ལག་གདང་སྦྲེལ་ཏེ་མདུན་སྐྱོད་བྱེད་པའི་བསམ་འདུན་ཆེན་པོ་ཁ་གསལ་བཏོན་པས། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་མཉམ་འབྲེལ་རང་སྟོབས་ཀྱི་གདེང་ཚོད་དང་གཏིང་ཤུགས་ཆེ་རུ་ཕྱིན་པ་དེ་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཅེས་བརྗོད།

    ཝེ་ཐེ་ནམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོས། ད་ཐེངས་འཚམས་འདྲི་བྱེད་རིང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་གཏན་འཁེལ་བྱེད་པར་ཕྱོགས་གཉིས་པོས་མོས་མཐུན་གཅིག་མཐུན་བྱས་ཡོད། “འབྱུང་འགྱུར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཆར་འགོད་ཀྱི་མཛུབ་ཁྲིད་འོག་འཆར་གཞི་གཅིག་མཐར་ཕྱིན་བཀོད་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཕན་ཚུན་སྦྲེལ་མཐུད་ཐད་ཀྱི་མཉམ་ལས་སྔར་བས་བྱེད་ཟབ་ཏུ་གཏོང་བ་དང་། མཐའ་འཁོར་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་གཉིས་ཕན་ཡོང་བ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ཏེ་ས་ཁུལ་དང་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་། གཏན་འཁེལ་རང་བཞིན། དྲང་ནུས་བཅས་དེ་བས་མང་བ་སྣོན་གྱི་ཡིན”ཞེས་བརྗོད།

    མ་འོངས་པར་རྒྱང་ལྟ་བྱེད་སྐབས། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད། རྒྱང་ལམ་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་བྱས་རྗེས་དེ་བས་ཆེ་བ་འཇོག་ཐུབ་པའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་རྒྱུ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་2023ལོའི་ཟླ་12ཚེས་30ཉིན་གློག་འཕྲིན་འབྱོར་གསལ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།