དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྐམ་མཚོའི་བགྲོད་ལམ་གསར་པའི་ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་རྒྱལ་ཁབ་གསུམ་གྱི་ས་མཚམས་སྒྲོལ་བའི་ལྕགས་ལམ་ཕྱོགས་གཉིས་ཀྱི་དུས་གཏན་མེ་འཁོར་ཁྲུང་ཆིང་ནས་ཐེངས་དང་པོ་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-02

     ཉེ་ཆར། སྐམ་མཚོའི་བགྲོད་ལམ་གསར་པའི་ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་རྒྱལ་ཁབ་གསུམ་གྱི་ས་མཚམས་སྒྲོལ་བའི་ལྕགས་ལམ་ཕྱོགས་གཉིས་ཀྱི་དུས་གཏན་མེ་འཁོར(ཀྲུང་གོའི་ཁྲུང་ཆིང་། ལོ་སིའི་ཝན་ཐེན། ཐེ་ལན་གྱི་པང་ཁོག)ཁྲུང་ཆིང་མཐུན་སྒྲིལ་གྲོང་ཚོའི་ལྟེ་བའི་ས་ཚིགས་ནས་གཏོང་ཉེར་ཡོད་པ་རེད། དུས་གཏན་མེ་འཁོར་དེ་ནི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁྲུང་ཆིང་དང་ཐེ་ལན་དབར་གྱི་བརྒྱུད་རིམ་ཧྲིལ་པོར་ལྕགས་ལམ་སྐྱེལ་འདྲེན་བྱེད་སྟངས་སྤྱད་པའི་སྐམ་མཚོའི་བགྲོད་ལམ་གསར་པའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དེ་ཐོག་ནས་ཁྲུང་ཆིང་དང་ཐེ་ལན་དབར་གྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་གསར་པ་ཞིག་གསར་དུ་བསྣན་ནས་ལྕགས་ལམ་ཡོངས་ཀྱི་སྐྱེལ་འདྲེན་དུས་ཚོད་སྲོལ་རྒྱུན་གྱི་མཚོ་ཐོག་སྐྱེལ་འདྲེན་ལས་ཉིན་20ཐུང་དུ་ཕྱིན་པ་དང་རྒྱལ་མཚམས་སྒྲོལ་བའི་གཞུང་ལམ་སྐྱེལ་འདྲེན་བྱེད་སྟངས་ལས་དེ་བས་ལྗང་མདོག་བདེ་འཇགས་བྱུང་ནས་ཕྱོགས་བསྡུས་ཟོག་འགྲེམས་མ་གནས་20%ཡན་ཆག་པ་མཚོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།