དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་ལམ་དུམ་ནས་ཉིན་རེར་འགྲུལ་པ་དབོར་ཚད་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-02

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། 2024ལོའི་གནམ་ལོ་གསར་ཚེས་འཆར་ཉེར་ཡོད་པའི་དུས་སུ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་ལམ་དུམ་ནས་འགྲུལ་པ་དབོར་ཚད་མང་དུ་ཕྱིན་པ་དང་། 2023ལོའི་ཟླ་12ཚེས་30ཉིན་འགྲུལ་པ་མི་ཐེངས་12584དབོར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ལོ་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཉིས་ལྷག་ཙམ་སོང་རིང་། ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིས་ལོ་སིའི་དུས་ཚིགས་རང་བཞིན་གྱི་འགྲུལ་རྒྱུན་འགྱུར་ལྡོག་གི་ཆོས་ཉིད་ལ་དབྱེ་ཞིབ་ནན་ཏན་བྱས་ནས་ཐན་དུས་ཀྱི་འགྲུལ་པ་དབོར་འདྲེན་གྱི་གོ་སྐབས་དམ་འཛིན་གྱིས་འགྲུལ་པ་དབོར་འདྲེན་གྱི་ཞབས་ཞུ་ལེགས་སུ་བཏང་བས་འགྲུལ་པ་དབོར་ཚད་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད། ཟླ་12པའི་ཟླ་དཀྱིལ་ནས་བཟུང་། ཀུང་སིས་སྐྱེལ་འདྲེན་ནུས་ཤུགས་ཆེ་རུ་གཏོང་བ་དང་། མེ་འཁོར་གྱི་གྲངས་ཀ་མང་དུ་གཏོང་བ། འབབ་ཚུགས་ཀྱི་ཞབས་ཞུའི་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཡོད།

    ལོ་ཀྲུང་ལྕགས་ལམ་ཚད་ཡོད་ཀུང་སིའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2023ལོའི་ཟླ་12ཚེས་31ཉིན་བར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ལོ་སིའི་ལམ་དུམ་ནས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་403.3དབོར་བ་དང་། རྒྱལ་མཚམས་བསྒྲལ་ནས་དངོས་ཟོག་ཏུན་ཁྲི་637དབོར་བ། བགྲོད་ལམ་གལ་ཆེན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བཅས་ལས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།