དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དུ་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཤར་གཏོང་སླར་གསོ་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-02

    འདི་ནི་2023ལོའི་ཟླ་12ཚེས་28ཉིན། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བའི་འགྲུལ་པ་ཡིན་པ།

    2023ལོའི་ཟླ་12ཚེས་28ཉིན། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ནས་འཕུར་འོངས་པའི་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིའི་H9774དུས་གཏན་གནམ་གྲུ་ལྷ་ས་གོང་དཀར་གནམ་ཐང་གི་རྒྱལ་སྤྱིའི་གནམ་ཐང་འབབ་ཚུགས་ཀྱི་གནམ་གྲུ་འབབ་གནས་སུ་དལ་བུར་བབས་པ་དེས། ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་དངོས་སུ་ཤར་གཏོང་སླར་གསོ་ཐུབ་པ་མཚོན་ཞིང་། འདི་ནི་ལྷ་ས་གོང་དཀར་གནམ་ཐང་དུ་གནམ་གྲུ་ཤར་གཏོང་སླར་གསོ་ཐུབ་པའི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཐོག་མ་དེ་རེད། འཆར་གཞི་ལྟར་ན། 2024ལོའི་ཟླ་1ཚེས་8ཉིན་ནས་བཟུང་། ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སིས་གཟའ་འཁོར་རེའི་རེས་གཟའ་ཟླ་བར་ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་དུས་གཏན་གནམ་གྲུ་ཐེངས་རེ་གཏོང་གི་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་ཕྱེ་བའི་ལྟེ་བའི་གནམ་ཐང་གལ་ཆེན་གྱི་གྲས་ཤིག་དང་། བོད་རང་སྐྱོང་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་ཞུགས་པ་དང“ཟམ་སྣེའི་མཁར་རྫོང”གི་ནུས་པ་འདོན་པའི་སྒོ་མོ་གལ་ཆེན་ཞིག་ཡིན་ལ། བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་རྒྱབ་རྟེན་གལ་ཆེན་ཞིག་ཀྱང་རེད། 1988ལོར་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་ལྷ་ས་ནས་ཀ་ཏ་མན་རྡུ་བར་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་ནས་རང་རྒྱལ་དང་ནེ་པ་ལའི་དབར་གྱི་མཉམ་ལས་སྤེལ་རེས་ཟབ་ཏུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

    དེ་ཉིན་དངོས་སུ་སྤྱོད་འགོ་ཚུགས་པའི་ལྷ་ས་གོང་དཀར་གནམ་ཐང་རྒྱལ་སྤྱིའི་གནམ་ཐང་འབབ་ཚུགས་ཀྱིས་ལྷ་ས་གོང་དཀར་གནམ་ཐང་གི་སྤྱི་ཡོངས་ཀྱི་གཉེར་སྐྱོང་དང་ཞབས་འདེགས་ཀྱི་ནུས་པ་ཆེ་རུ་དང་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་དཔལ་འབྱོར་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་ལ་རམ་འདེགས་ནུས་ལྡན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།