དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ།

    ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    ཉེ་ཆར། ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་འཚོགས་ནས། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་དང་བྱིས་པའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཝང་ཅུན་དང་སྒྲོལ་དཀར་ཚོགས་འདུར་ཞུགས་པ་དང་ལུའོ་མེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན། བོད་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་ལ་ཡར་རྒྱས་གསར་པ་དང་ཚད་བརྒལ་གསར་པ་བྱུང་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། ལས་ཀའི་ཐད་ཐོག་མཐའ་བར་གསུམ་དུ་བུད་མེད་དང་བྱིས་པར་ཚད་མཐོའི་མཐོང་ཆེན་བྱས་ནས། རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི“རྩ་གནད་གཉིས”དང་རང་ལྗོངས་ཀྱི་བུད་མེད་དང་བྱིས་པའི“གཏན་འབེབས་གཉིས”ལག་བསྟར་དམ་འཛིན་བྱ་གཞིར་བྱས་ཏེ་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་བུད་མེད་ཀྱིས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་དང་ལེགས་ཆར་དམིགས་ཏེ་ལས་ཞུགས་ཤུགས་ཆེ་ཡོང་བར་བྱས་ནས“ལས་ཞུགས་ལས་གཏོད་ཀྱི་བུད་མེད་ཀྱི་བྱ་སྤྱོད”དང“གྲོང་གསེབ་དར་རྒྱས་ཀྱི་བུད་མེད་ཀྱི་བྱ་སྤྱོད”ལག་ལེན་གཏིང་ཟབ་བསྟར་བ་དང“བུད་མེད་ཀྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི”ཁག་གཅིག་སོགས་གཉེར་བར་རྒྱབ་སྐྱོར་བྱེད་པ་དང་། རྩལ་ནུས་ལ་དམིགས་ནས་འདེགས་སྐྱོར་ཤུགས་ཆེན་བྱས་ཏེ“བྱང་ཚད་མཐོར་གཏོང་གི་བུད་མེད་ཀྱི་བྱ་སྤྱོད”གཏིང་ཟབ་སྤེལ་ནས་རྒྱ་ཆེའི་བུད་མེད་ཚོས་བུད་མེད་ཀྱི་བློ་སྟོབས་འཕེལ་བ་དང་། སྒྱུར་བཅོས་ཀྱི་བྱས་རྗེས་འཇོག་པ། འཕེལ་རྒྱས་གཏོང་རོགས་བཅས་ལ་རྒྱབ་སྐྱོར་བྱེད་པ། ཁེ་དབང་ལ་དམིགས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། བཅའ་ཁྲིམས་རོགས་སྐྱོར་དང་རོགས་སྐྱོབ་རོགས་སྐྱོར་ལམ་སྲོལ་ཞིབ་ཚགས་སུ་དང་འཐུས་སྒོ་ཚང་དུ་བཏང་ནས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གདོང་ལེན་ལ་དམིགས་ནས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་བུད་མེད་ཚོས“རང་བཀུར་དང་། རང་རྟོན། རང་ཚུགས། རང་དར”བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་སྐུལ་ཁྲིད་བྱེད་དགོས། གཉིས་ནས་བྱིས་པ་སྔོན་ལ་འཇོག་པའི་རྩ་དོན་དོན་འཁྱོལ་བྱས་ཏེ་སྤུས་ལེགས་དོ་སྙོམས་ཀྱི་སློབ་གསོ་ཡག་པོ་གཉེར་བ་དང་། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་སོགས་ལ་སྐུལ་འདེད་བཏང་ནས་བྱིས་པའི་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་དོན་འཁྱོལ་ཡག་པོ་བྱས་ཏེ། གཞིས་ལུས་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པར་དོ་ཁུར་བྱས་ནས་བྱིས་པའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ། ཆེད་དོན་བཅོས་སྒྲིག་མུ་མཐུད་བྱས་ཏེ། བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་བྱིས་པའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ། བྱིས་པའི་མཛའ་གྲོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་གང་མགྱོགས་ལེགས་གཏོང་དང་ཁྱད་ལྡན་དང་མངོན་གསལ་དོད་པའི་བྱིས་པའི་མཛའ་གྲོགས་ཞབས་ཞུའི་བྱེད་སྒོ་ཁག་གཅིག་སྤེལ་ཏེ། རང་སྐྱོང་ལྗོངས་རིམ་པའི་བྱིས་པའི་མཛའ་གྲོགས་རྣམ་པའི་རྫོང་གྲོང་དང་སྡེ་ཁུལ་ཁག་གཅིག་བསྐྲུན་ནས་བྱིས་པའི་དགོས་མཁོ་ཏན་ཏིག་སྐོང་དགོས། གསུམ་ནས་མ་བུའི་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོ་བསྒྲུབས་ནས། བདེ་ཐང་ཞབས་ཞུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། བུ་བཙར་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱེད་དགོས། བཞི་ནས་ཁྱིམ་ཚང་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་དང་གྲོང་ཁྱེར་གྱི་སྒོ་ར་སྔོ་འགྱུར་བྱ་སྤྱོད་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་ཁྱིམ་ཚང་གི་སྲོལ་གསར་སྔར་བས་གཏོད་པ་དང་། “ཁྱིམ་ཚང་ཚང་མ་བདེ་སྐྱིད་ཁམས་བཟང་ཡོང་བའི་འདུ་འགོད”སོགས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ་ཁྱིམ་ཚང་འཆམ་མཐུན་ལ་བརྟེན་ནས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    ཡན་ཅིན་ཧའེ་ཡིས། རྩ་འཛུགས་ཐད་ཐོག་མཐའ་བར་གསུམ་དུ་བུད་མེད་དང་བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བུད་མེད་དང་བྱིས་པའི་བྱ་གཞག་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་དུ་འཆར་འགོད་དང་། མཉམ་དུ་ལག་བསྟར། མཉམ་དུ་དཔྱད་ཞིབ་བཅས་བྱེད་པ། རིམ་ཁག་གུང་གཞོན་སྡེ་ཚོགས་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས་སོགས་རྩ་འཛུགས་ཀྱིས“རང་ཕྱོགས་ཀྱི་མི”དང་། “མནའ་མའི་ནང་མི”“སྙིང་ཉེ་བ”བཅས་ཡག་པོ་བྱས་ནས། སྐད་ཆ་ཤོད་རོགས་དང་། ཁེ་དབང་སྲུང་རོགས། ཞབས་འདེགས་ཞུ་རོགས་བཅས་བྱེད་པ། འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་སོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་འགོ་འཛུགས་ས་ཆུང་ངུ་ནས་བརྗོད་དོན་གཙོ་བོ་མཚོན་པ་དང་། གཏམ་རྒྱུད་ཆུང་ངུར་བརྟེན་ནས་གནས་ལུགས་ཆེན་པོ་བརྗོད་དེ་དྲང་ནུས་དར་སྤེལ་དང་ཁྱབ་སྤེལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།