དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སློབ་ཆེན་གྱིས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་མའི་ལས་རིགས་འཆར་འགོད་འགྲན་བསྡུར་ཆེན་པོ་སྐབས་དང་པོ་བོད་ལྗོངས་སློབ་ཆེན་ཝ་པ་གླིང་སློབ་ཁུལ་དུ་གཉེར་བ་དང་ཁྱོན་བདམས་ཐོན་པ་142འགྲན་བསྡུར་ལ་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོར“ལང་ཚོའི་ཕུགས་འདུན་འགྲུབ་པར་ཕྱོགས་བཞིར་བསྐྱོད། འཆར་གཞི་བཏིང་ནས་འབྱུང་འགྱུར་ཁྲིད་སྟོན་བྱེད”བརྗོད་དོན་གཙོ་བོར་བྱས་པ་དང་དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་རིགས་འཆར་འགོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་སློབ་ཐོན་སློབ་མའི་ལས་ཞུགས་འགྲན་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ་སློབ་ཐོན་སློབ་མ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོ་དེ་འཚར་ལོངས་དང་ལས་ཞུགས་ཀྱི་འགྲན་ལམ་གཉིས་ཏེ་སློབ་གྲྭའི་འགྲན་བསྡུར་དང་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ལམ་ལུགས་སྤྱད་ནས་ལྗོངས་ཡོངས་ཀྱི་མཐོ་སློབ་བདུན་གྱི་ཞིབ་འཇུག་སློབ་མ་དང་། དངོས་གཞིའི་ཚན་ཁག་གི་སློབ་མ། ཆེད་ཚན་སློབ་མ་སོགས་སློབ་རྒྱུས་རིམ་པ་ཁག་དང་རིག་ཚན་ཆེད་ལས་ཁག་གི་སློབ་མ་ཚུད་ཡོད། འགྲན་བསྡུར་དེར་ཁྱོན་སློབ་ཆེན་སློབ་མ་2600ལྷག་ཙམ་ཧུར་ཐག་ཞུགས་པ་དང་སློབ་གྲྭའི་འགྲན་བསྡུར་ཁྲོད་བདམས་གསེས་བྱས་པ་བརྒྱུད་མཐོ་སློབ་བདུན་གྱི་བདམས་ཐོན་པ་ཕུལ་བྱུང་142གཟེངས་སུ་ཐོན་སྟེ་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ལ་ཚུད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།