མཚོ་སྔོན་ཡུལ་ཤུལ་གྱིས་བྱ་ཐབས་བདུན་སྤྱད་ནས་ཁོར་ཡུག་སྲུང་སྐྱོང་ལ་ལྟ་བཤེར་དག་ཐེར་བྱེད་པར་སྐུལ་འདེད་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དག་ཐེར་ལས་དོན་དང་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ལས་དོན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཕྱོགས་གཅིག་ནས་དག་ཐེར་ལ་དམ་འཛིན་དང་གཅིག་ཤོས་ནས་མཐོར་གཏོང་ལ་དམ་འཛིན་བྱེད་པའི་ཐད། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ལས་ཀའི་བྱ་ཐབས་ཁག་བདུན་བཟོས་ཏེ། མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ལ་ཞིབ་དཔྱད་སྒྲུབ་གཉེར་དང་དཔེ་མཚོན་གྱོད་དཔེ་གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
ཆབ་སྲིད་ཐོག་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྟ་བཤེར་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། གྲོས་དོན་ཨང་དང་པོའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ལས་ཀའི་བླང་བྱ་དང་། ཡིག་འབུལ་ཞུ་བཅར་ཞིབ་དཔྱད་སྒྲུབ་གཉེར། དཔེ་མཚོན་གྱོད་གཞི་གཅིག་ཤེས་ཀུན་གྲོལ་གྱིས་དག་ཐེར་དོན་འཁྱོལ་བྱེད་པ་བཅས་ཞིབ་འཇུག་དོན་འཁྱོལ་བྱེད་ཕྱོགས་གཙོ་བོར་བརྩིས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཏན་ཏིག་འཁུར་བ་རེད།
གཅིག་ཤེས་ཀུན་གྲོལ་གྱིས་དཔེ་མཚོན་གྱོད་གཞིར་དམ་འཛིན་ཏན་ཏིག་བྱས་ནས་གནད་དོན་ལ་ཞིབ་དཔྱད་དང་དག་ཐེར་བྱས་ཚུལ་མངོན་པར་བྱས་ཤིང་། དུས་ཐོག་ཏུ་བརྡ་ཁྱབ་བཏང་ནས་སློབ་སྦྱོང་དང་དཔེ་མཚོན་གྱོད་གཞིའི་དག་ཐེར་ལས་དོན་བཀོད་སྒྲིག་དོན་འཁྱོལ་ལམ་སྲོལ་བཙུགས་པའི་ཁར། ཀྲོའུ་རིམ་པའི་འགོ་ཁྲིད་གཅིག་གིས་སྣེ་ཁྲིད་དེ་འགན་ཁུར་བའི་དཔེ་མཚོན་གྱོད་གཞི་དག་ཐེར་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཙུགས་པ་རེད། བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་གཞིའི་ཁྲོད་ཀྱི་གནད་དོན་ལ་ལྟ་སྡུར་གྱིས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་པ་རེད།
ཆ་ཚང་བ་དང་། ཡང་དག་པ། དུས་ཐོག་བཅས་ཀྱི་སྒོ་ནས་ལྟ་འཐེན་དཔྱད་གཞི་མཁོ་འདོན་བྱས་ཤིང་། འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་བཙུགས་པ་དང་། ལྟ་ཞིབ་ལྟ་འཐེན་དཔྱད་གཞིར་གཅིག་བསྡུས་མཉམ་དཔྱད་ལམ་སྲོལ་དང་རིམ་བཞིའི་ཞིབ་དཔྱད་མཆན་འགོད་ལམ་སྲོལ་དོན་འཁྱོལ་བྱས་ཁར། 《ལྟ་བཤེར་ཚོགས་ཆུང་ལ་ལྟ་འཐེན་དཔྱད་གཞི་མཁོ་འདོན་བྱེད་པའི་བརྒྱུད་རིམ་རི་མོ》བཟོས་པ་དང་། འཐུས་སྒོ་ཚང་དུ་བཏང་སྟེ། ཞིབ་དཔྱད་སྒྲུབ་གཉེར་བྱ་རིམ་དང་། ཚད་གཞི། ཡུན་ཚད་བཅས་ཁ་གསལ་བཟོས་པ་རེད།
མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཕན་འབྲས་ཆེན་པོ་དང་སྤུས་ཚད་མཐོན་པོས་སྒྲུབ་གཉེར་མཐའ་འཁྱོངས་བྱས་ཤིང་། “ཆུ་ཚོད་གཅིག་ནང་བརྒྱུད་སྤྲོད་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲོད་པ་དང་། ཆུ་ཚོད་གཉིས་ནང་ཆེད་དོན་ཞིབ་འཇུག ཉིན་གསུམ་ནང་ཞིབ་དཔྱད་ལེགས་སྒྲུབ། དུས་ཚོད་མགྱོགས་ཤོས་ནང་སྙན་ཞུ་གྲུབ་པ། ཀྲོའུ་རིམ་པའི་ལྟ་སྐུལ་དུས་མཚུངས་སུ་སྒྲུབ་གཉེར”བཅས་ཀྱི་ལས་ཀའི་ལམ་ལུགས་ལག་ལེན་བསྟར་ཏེ། ཉིན་ལྟར་དབྱེ་ཞིབ་དང་སྤྱི་འསྡོམས་བྱེད་པ་དང་། ཉིན་གཉིས་པར་རྗེས་སྙེགས་དོན་འཁྱོལ་བྱེད་པ། ཉིན་མཚན་ཀུན་ཏུ་ལས་རེས་བྱེད་པ་བཅས་ཀྱི་བྱེད་ཐབས་སྤྱད་ནས་མྱུར་ལེན་མྱུར་སྒྲུབ་བྱས་པ་དང་འབྲེལ། ཀྲོའུ་དང་རྫོང་རིམ་པ་གཉིས་ཀྱི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་གི་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ཏེ་དུས་ཐོག་ཏུ་གྲོས་མོལ་བཀོད་གཏོང་དང་དུས་མཚུངས་སུ་ཞིབ་བཤེར་བྱས་པ་རེད།
ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་བྱས་པའི་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པར་ཤུགས་སྣོན་བརྒྱབ་ཅིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་ཞིང་ཆེན་ཡོངས་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་གཞིར་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་དེ་མཚུངས་ཀྱི་དག་ཐེར་ཇུས་གཞི་བཟོས་ནས་དམིགས་བསལ་མཚམས་ཚིགས་དང་གཙོ་གནད་ཁུལ་ཁོངས་ལ་ཕྱོགས་ཡོངས་དང་ཁུག་ཆ་མ་ལུས་པར་སྐོར་ཞིབ་བྱས་པ་དང་། ཞིབ་དཔྱད་བྱས་པ་བརྒྱུད་དོན་དངོས་ཡིན་པའི་གནད་དོན་རིགས་ལ་གནད་དོན་གྱི་གསལ་ཐོ་དང་། གདུབ་ཟུམ་དོ་དམ། ལྟ་ཞིབ་སྒྲུབ་སྐུལ། བཅོས་སྒྲིག་ཐོ་བསུབ་བཅས་ཀྱི་ལམ་སྲོལ་བཟོས་ནས་བཅོས་སྒྲིག་མཐར་ཕྱིན་བྱས་པ་རེད།
འགན་འཁྲི་བདའ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་བྱས་ཤིང་། མིང་སྦྱར་ལྟ་སྐུལ་དང་། གཤམ་སྐྱོད་ལྟ་སྐུལ། གཙོ་གནད་ཞིབ་དཔྱད་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ། ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གྱི་གནད་དོན་གལ་ཆེན་རིགས་ལ་ཡོངས་སུ་ལྟ་སྐུལ་བྱས་པ་རེད། གནས་ཚུལ་ཇི་མ་ཇི་བཞིན་གོང་ཞུ་མ་བྱས་པ་དང་། བརྟག་དཔྱད་དུས་ཐོག་ཏུ་མ་བྱས་པ། ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་བྱས་རིགས་དོན་དངོས་ཡིན་པར་ངོས་འཛིན་གཏན་འཁེལ་བྱས་ལ་འགན་འཛོལ་ཤོར་བ་སོགས་ཀྱི་བྱེད་སྤྱོད་ལྡན་པའི་རིགས། འབྲེལ་ཡོད་སྒྲིག་ཁྲིམས་དང་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་རེད་ལ་རྩད་གཅོད་ནན་པོའང་བྱས་པ་རེད།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཟོས་ཤིང་། ཞིབ་ཕྲའི་དག་ཐེར་ཇུས་གཞི་བཟོས་ནས་བཏོན་ཏེ། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྒོ་ནས་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་ཆབས་ཅིག ཁུལ་ཁོངས་ཡོངས་སུ་གད་སྙིགས་མེད་པར་བཟོ་བ་དང་། ཁུལ་ཁོངས་ཡོངས་ཀྱི་རྩྭ་ཐང་གཙང་ཕྱག་བྱེད་པ། ཁུལ་ཁོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆ་སླར་གསོ་བྱེད་པ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས“གད་སྙིགས་མེད་པའི་གྲོང་ཁྱེར”དང“དྭངས་གཙང་གི་ཡུལ་ཤུལ”འཛུགས་གཏོད་ཧུར་ཐག་བྱས་པ་རེད།