དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡ་དབན་མྱུར་བགྲོད་མེ་འཁོར་ཅ་བ་གླིང་ཕྲན་དུ་འཕུར་བ་ལྟར་རྒྱུག

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-01-01

    འདི་ནི་2023ལོའི་ཟླ་9ཚེས་30ཉིན་ཧིན་རྡུ་ཉི་ཞི་ཡའི་ཕུའུ་ཝ་ཅ་ཏ་ནས་པར་བརྒྱབ་པའི་ཡ་དབན་མྱུར་བགྲོད་ལྕགས་ལམ་དུ་སྐྱོད་བཞིན་པའི་ཤུགས་འགྲེམས་མེ་འཁོར་ཡིན་པ།

    འདི་ནི་2023ལོའི་ཟླ་9ཚེས་30ཉིན་ཧིན་རྡུ་ཉི་ཞི་ཡའི་ཕ་ཏ་ལ་ལང་ནས་པར་བརྒྱབ་པའི་ཡ་དབན་མྱུར་བགྲོད་ལྕགས་ལམ་དུ་སྐྱོད་བཞིན་པའི་ཤུགས་འགྲེམས་མེ་འཁོར་ཡིན་པ། (མི་མེད་གནམ་གྲུ་ནས་པར་བླངས)

    འདི་ནི་2023ལོའི་ཟླ་3ཚེས་31ཉིན་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐའི་ཡ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཧ་ལི་མུ་བབས་ཚུགས་སུ་བཟོ་པས་ཡ་དབན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ལྕགས་ལམ་མཇུག་ཤོས་དེ་འདིང་བཞིན་ཡོད་པ་དང་དེ་ཉིན་ཡ་དབན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་ལས་མཇུག་འགྲིལ་བ་རེད།

    འདི་ནི་2023ལོའི་ཟླ་10ཚེས་17ཉིན་འགྲུལ་པས་ཡ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒྲོམ་ནང་དུ་པར་རྒྱག་བཞིན་ཡོད་པ་དང་དེ་ཉིན་ཡ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ།

    འདི་ནི་2023ལོའི་ཟླ་10ཚེས་17ཉིན་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་ཏའེ་ཁཱ་ལུར་བབས་ཚུགས་སུ་འགྲུལ་པས་ཡ་དབན་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་དང་མཉམ་དུ་པར་རྒྱག་པ་དང་དེ་ཉིན་ཡ་དབན་མྱུར་བགྲོད་ལྕགས་ལམ་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་པ།

    འདི་ནི་2023ལོའི་ཟླ་6ཚེས་28ཉིན་ཧིན་རྡུ་ཉི་ཞི་ཡའི་དབན་ལུང་ནས་པར་བརྒྱབ་པའི་ཡ་དབན་མྱུར་བགྲོད་ལྕགས་ལམ་དང་ཕུག་ལམ་ཡིན་པ།

    ལས་རིགས་ཁག་གིས་དོ་ཁུར་བྱེད་པའི་ཡ་དབན་མྱུར་བགྲོད་ལྕགས་ལམ་2023ལོའི་ཟླ་10ཚེས་17ཉིན་དངོས་སུ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཤིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་གི་ངོས་ནས། ཡ་དབན་མྱུར་བགྲོད་ལྕགས་ལམ་གྱིས་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་དང་ཡུལ་སྐོར་གྱི་གྲོང་ཁྱེར་གྲགས་ཅན་དབན་ལུང་སྦྲེལ་མཐུད་བྱས་ཤིང་། ཆུ་ཚོད་རེར་མྱུར་ཚད་མགྱོགས་ཤོས་སྤྱི་ལེ་350ཟིན་པའི་ཡ་དབན་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་142ཡོད་པ་དེ་ཧིན་རྡུ་ཉི་ཞི་ཡ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་མྱུར་བགྲོད་ལྕགས་ལམ་དང་པོ་རེད།

    ཡ་དབན་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས། ཅ་ཁར་ཐ་དང་དབན་ལུང་བར་འགྲོ་འོང་བྱེད་པར་དེ་གོང་གི་ཆུ་ཚོད་3ལྷག་ཙམ་ནས་སྐར་མ་40ལྷག་ཙམ་བར་ཐུང་དུ་འགྲོ་ཡི་ཡོད། ཧིན་རྡུ་ཉི་ཞི་ཡ་ཀྲུང་གོ་མྱུར་བགྲོད་ལྕགས་ལམ་ཚད་ཡོད་ཀུང་སིའི་གྲངས་གཞིར་གཞིགས་ན། 2023ལོའི་ཟླ་12པའི་ཟླ་སྟོད་བར་ཡ་དབན་མྱུར་བགྲོད་ལྕགས་ལམ་ནས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་70ལྷག་ཙམ་དབོར་ཏེ་འགྲུལ་པ་འཕར་ཚད་ཆེ་བའི་འཕེལ་ཕྱོགས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།