དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “རྒྱུད་གཅིག་ལམ་གཅིག”ལ་བརྟེན་ནས་གྲོང་ཁྱེར་གསར་པ་བསྐྲུན་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-31

    འདི་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧོར་གོ་སི་བབས་ཚུགས་སུ་འཕྲུལ་འཁོར་གྱིས་ལས་ཀ་བྱེད་བཞིན་པ།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པར་གོ་ལ་ཧྲིལ་པོས་དོ་ཁུར་ཆེན་པོ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་ད་དུང་གལ་ཆེའི་ཕྱོགས་ཤིག་ཡོད་པ་ནི་ཕྱོགས་ཡོངས་ལ་ཁྱབ་པའི་གྲོང་ཁྱེར་ཅན་གྱི་རྣམ་གྲངས་ཡིན།

    ཨེ་ཤེ་ཡ་ཤར་མ་ནས་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་བར་གྱི་གྲོང་ཁྱེར་གྱི་གྲུབ་ཆར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ཀྲུང་གོས་མ་དངུལ་བཏང་བའི་རྣམ་གྲངས་དེ་ལྕགས་ལམ་བརྒྱུད་ཨེ་ཤེ་ཡ་དབུས་མའི་གྲོང་ཁྱེར་དང་ལོན་ཏོན་སོགས་ཡོ་རོབ་ཀྱི་མཐའ་ཚུགས་དང་སྦྲེལ་མཐུད་ཐུབ་པ་དང་། “གྲངས་འཛིན་དར་ལམ”གྱི་ཁ་ཕྱོགས་ཀྱི་གྲས་ཤིག་ནི་ཀྲུང་གོའི་ནུབ་རྒྱུད་དང་ཕ་ཁི་སི་ཐན་དང་ཨ་ཧྥེ་རི་ཁ་ཤར་མའི་གྲོང་ཁྱེར་སྦྲེལ་མཐུད་ཐུབ་པར་བྱེད་རྒྱུ་དེ་རེད།

    རྨང་གཞིའི་སྒྲིག་བཀོད་དེ་དག་གིས་གྲོང་ཁྱེར་ལ་འགྱུར་ལྡོག་གཏོང་བཞིན་ཡོད། ཧོར་གོ་སི་ནི་དེ་སྔ་ཀྲུང་གོ་དང་ཧ་སག་སི་ཐན་དབར་གྱི་མཐའ་མཚམས་གྲོང་རྡལ་ཆུང་ངུ་ཞིག་ཡིན་པ་དང་ད་ཆ་འདུ་འཛི་ཆེ་བའི་ཟོག་འགྲེམས་ལྟེ་གནས་སུ་གྱུར་ནས་དོས་སྒམ་མང་པོ་ཡོ་རོབ་དང་ཨེ་ཤེ་ཡའི་རྩྭ་ཐང་ཆེན་པོ་ནས་འཁྲུག་ཆ་དོད་པའི་རང་མོས་ཚོང་དོན་ཁུལ་དང་དཔྱ་ཁྲལ་རྩ་ཆག་ཁུལ་དུ་དབོར་བཞིན་ཡོད་པ་རེད། ཨ་ཧྥེ་རི་ཁ་ཤར་མར་ཀྲུང་གོས་ཁེན་ནི་ཡར་རོགས་སྐྱོར་བྱས་པའི་ལྕགས་ལམ་འཛུགས་སྐྲུན་དང་མཚོ་འཇིངས་གྲུ་ཁའི་རྣམ་གྲངས་གསར་པས་ཁེན་ནི་ཡ་དང་། ལྷོ་སུའུ་ཏན། ཨེ་ཙེ་ཨོ་ཕི་ཡ་བཅས་སྦྲེལ་མཐུད་བྱེད་པའི་རྒྱལ་སྒྲོལ་དཔལ་འབྱོར་བར་ཁྱམས་གསར་པ་ཞིག་བསྐྲུན་རྒྱུ་རེད།

    —— ཨ་རིའི《ཕྱི་འབྲེལ》དུས་དེབ་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།