ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཏུ་རྒྱ་ཡིག་སློབ་གསོ་དར་ཁྱབ་ཆེ་བ།
“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་སྐད་འགྲན་བསྡུར་སྐབས་22པ་རྒྱལ་ཁབ་མང་པོར་གཉེར་ཞིང་། འདི་ནི་ལོ་སིའི་འགྲན་ཁུལ་གྱི་མཐའ་བསྡུར་ལ་བདམས་ཐོན་པས་རོལ་ཆ་དཀྲོལ་གཏོང་བྱེད་བཞིན་པ།
ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཕྱི་སྐད་སློབ་གསོའི་ཁྱབ་ཁོངས་སུ་རྒྱ་ཡིག་སློབ་གསོ་དར་ཁྱབ་ཆེན་པོ་བྱུང་ཡོད། ཐེ་ལན་གྱི་སློབ་གསོའི་སྡེ་ཚན་གྱི་བསྡོམས་རྩིས་ལྟར་ན། 2022ལོར་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པའི་གཞུང་བཙུགས་མཐོ་རིམ་སློབ་འབྲིང་1044ཟིན་པ་དེ་2020ལོ་དང་བསྡུར་ན་སློབ་གྲྭ་96མང་དུ་སོང་བ་དང་རྒྱ་ཡིག་སྦྱོང་མཁན་སློབ་མ་ཁྲི་68.93ལས་བརྒལ་ཡོད།
པང་ཁོག་གྲོང་ཁྱེར་གྱི“ནན་ཤིས་སྐད་ཡིག་སློབ་གྲྭ”ཡིས་བཅོལ་ཉར་ཞབས་འདེགས་ཞུ་བཞིན་ཡོད་ཅིང་། སློབ་གྲྭ་དེ་ནི་མ་གཞི་དབྱིན་སྐད་སློབ་ཁྲིད་ཀྱི་ཆེད་དུ་བཙུགས་ནའང་། མི་མང་ཆེ་བས་རྒྱ་ཡིག་འཛིན་གྲྭ་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། 2016ལོར་བཏོན་པའི་བཅོལ་ཉར་ཞབས་ཞུའི་ནང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པས་སློབ་གྲྭ་དེར་སློབ་མ་ཇེ་མང་དུ་སོང་ཡོད། དེ་གའི་རྒྱུན་གཏན་གྱི་སློབ་ཚན་ནང་བྱིས་པ་200ཙམ་ཞུགས་ཀྱི་ཡོད་པའི་ཁྲོད་བཅུ་ཆ་དྲུག་ནི་རྒྱ་ཡིག་སྦྱོང་མཁན་རེད། སློབ་གྲྭའི་འགན་འཁུར་བས“ཕྱི་སྐད་སློབ་གསོའི་ཁྲོད་རྒྱ་ཡིག་སློབ་གསོར་གཟེངས་སུ་ཐོན་པའི་ལེགས་ཆ་ལྡན་ཡོད། ཁྱིམ་བདག་མང་པོས་མ་འོངས་པར་ཕྲུ་གུས་ཀྲུང་གོ་བ་དང་འབྲེལ་བ་བྱེད་པའི་ལས་ཀ་རག་པའི་རེ་བ་བྱེད་ཀྱི་ཡོད་ལུགས་བརྗོད་བྱུང”ཞེས་བཤད་པ་རེད།
—— རི་པིན་གྱི《ཏུའུ་སྨན་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།