དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐད་གཏོང་གི་ཚ་རླབས་འཕྱུར་བས་ལག་རྩལ་ཐོན་རྫས་གསར་པ་ཐོན་པར་སྐུལ་མ་ཐེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-31

    འདི་ལོའི་ཟླ་2ཚེས་22ཉིན་ཅང་ཤིས་ཅིང་ཏེ་གྲོང་རྡལ་ཐའོ་ཤིས་ཁྲོན་རིག་གནས་བསམ་བཀོད་ཁྲོམ་གཞུང་གི་ཐད་གཏོང་རྟེན་གཞིར་ལས་དོན་པས་ཐད་གཏོང་བརྒྱུད་རྫ་ཆས་ངོ་སྤྲོད་བྱེད་བཞིན་པ།

    ཀྲུང་གོར་ཐད་གཏོང་དྲ་ཐོག་ཚོང་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྟོག་བཟོའི་གཙོ་སྐྱོང་བ་དང་སྒུལ་བདེའི་གྲངས་གཞིའི་ཐུམ་སྒྲིལ་སོགས་ལག་རྩལ་གསར་པའི་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་ལས་ཀྲུང་གོའི་དཔལ་འབྱོར་གསར་གཏོད་ཀྱི་བཀྲག་མདངས་འཚེར་ས་མངོན་ཡོད།

    ཉེ་དུས་ཀྲུང་གོའི་ཁེ་ལས་མི་ཉུང་བ་ཞིག་གིས་གྲངས་འཛིན་གྱི་རྣམ་པའི་ཐོག་ནས་གསར་གཏོད་བྱས་པའི་རྟོག་བཟོའི་གཙོ་སྐྱོང་བ་ཚོད་ལྟ་བྱེད་ཅིང་། རྟོག་བཟོའི་གཙོ་སྐྱོང་བ་སྤྱོད་པ་ནི་སིལ་ཚོང་ཚོང་པའི་རང་ངོས་ཀྱི་ཁྱད་ཆོས་མངོན་ཆེད་ཀྱི་བྱེད་ཐབས་ཤིག་ཡིན་པ་དང་དེའི་མ་གནས་ཀྱང་གྲགས་ཅན་གཙོ་སྐྱོང་བ་གདན་ཞུ་བྱེད་པ་ལས་དམའ་བ་ཡོད་པ་རེད། ཐེང་ཞུན་དང་། ཅིང་ཏུང་། འབེལ་འདུ་སོགས་ཁེ་ལས་ཀྱིས་ཉེ་དུས་རྟོག་བཟོའི་ཐད་གཏོང་ཐོན་ཟོག་གཅིག་རྗེས་གཉིས་མཐུད་ངང་ཁྱབ་གདལ་གཏོང་བཞིན་ཡོད་པ་རེད། ཧྭ་ཝེ་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་སྡེ་ཚན་གྱིས་གྲངས་གཞིའི་ཐུམ་སྒྲིལ་དེ་དག་ལས་ཐད་གཏོང་བར་སྔོན་ལ་གྲངས་གཞིའི་ཞབས་ཞུ་ཐོབ་པ་དང་ཞབས་ཞུ་དེ་རིགས་ནི་གཞུང་ལམ་སྟེང་གི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་བུ་ལྟར“གྲངས་གཞིའི་འགྲིམ་འགྲུལ་འགག་པ”སོགས་ལས་གཡོལ་ཐུབ་ཀྱི་ཡོད་ཅེས་བཤད།

    ལག་རྩལ་གསར་པའི་ཐོན་རྫས་དེ་དག་ལ་དམིགས་ནས་མའེ་ཁེན་ཤིས་བློ་འདྲི་ཀུང་སིས་དབྱེ་ཞིབ་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱིས་ཐད་གཏོང་དྲ་ཐོག་ཚོང་དོན་འཕེལ་རྒྱས་གཏོང་བཞིན་ཡོད་པ་དང་འབྲེལ་དེར་ཐོན་ཁུངས་སྤྱད་དེ་འབྱུང་འགྱུར་ཁྱབ་ཁོངས་དེར་ཞབས་ཞུ་གསར་པ་དེ་བས་མང་བ་ཐོན་རེ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་པ་རེད།

    —— ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།