དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་དང་པོ་ནས་བཅུ་གཅིག་བར་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-31

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོ་ཚུན་དུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་ནུས་ལྡན་བྱས་ནས་འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་དང་། བརྟན་ཐོག་ཡར་འཕེལ། ཡར་འགྲོ་བཟང་འཕེལ་བཅས་བྱུང་བ་དང་། འཛད་སྤྱོད་དང་ཞབས་ཞུའི་ལས་རིགས་སླར་གསོ་ནུས་ལྡན་བྱུང་བ། ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་ནུས་གསར་པ་ཟམ་མི་ཆད་པར་གསོག་ཉར་བྱུང་བ་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་ཡོད།

    བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་འཕར་སྣོན་བྱུང་ནས་སྒུལ་ནུས་གསར་པའི་འཕར་ཚད་མངོན་གསལ་དོད་པོ་ཡོད་ཅིང་། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་6.5%འཕར་ཡོད། རིགས་ཆེན་པོ་གསུམ་ལ་དབྱེ་ན། གཏེར་འདོན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་2.6%འཕར་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་9.1%འཕར་བ། གློག་ཤུགས་དང་། ཚ་ནུས། སོལ་རླངས། ཆུ་ནང་ཐོན་སྐྱེད། མཁོ་སྤྲོད་བཅས་ལས་རིགས་ཀྱི་རིན་ཐང་འཕར་མ་1.4%ཆག་ཡོད་པ་རེད། སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་གྲས་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་50.2%དང་66.8%སོ་སོར་འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མའི་ནང་བཟུང་བའི་བསྡུར་ཚད་26.7%དང་26.5%སོ་སོར་ཟིན་ཡོད་པ་རེད། ཐོན་རྫས་གཙོ་བོའི་ཐོན་འབོར་ལ་བལྟས་ན། ཤེལ་རྐྱང་ཀུའེ་རྡོའི་ཐོན་འབོར་ལྡབ་1.3འཕར་བ་དང་། ཤེལ་མང་ཀུའེ་རྡོ་ལྡབ་2.0འཕར་བ། ཐཱན་སྐྱུར་ལི་47.5%འཕར་བ། ཐཱན་རྫས་ཚི་སྣ་ལྡབ་1.2འཕར་བ། ཉི་ནུས་གློག་རྫས(འོད་ཤུགས་གློག་རྫས)49.9%འཕར་བ། ཀྲུང་ལུགས་སྦྱོར་སྨན་30.0%འཕར་ཡོད།

    ཞབས་ཞུའི་ལས་རིགས་སླར་གསོ་ཡག་པོ་བྱུང་བ་དང་། འགྲིམ་འགྲུལ་དང་དངུལ་རྩ་སོགས་ལས་རིགས་ཀྱི་འདེགས་སྐྱོར་བརྟན་པོ་བྱུང་ཞིང་། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཞིང་ཆེན་ཡོངས་སུ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་20550.6ཟིན་ནས་དུས་མཚུངས་ལས་18.3%འཕར་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་3171.9ཟིན་ནས་ལྡབ་1.4འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་ཟླ་བཅུ་པའི་བར་དང་བསྡུར་ན་བརྒྱ་ཆའི་གྲངས་14.3འཕར་ཡོད། ཟླ་11པའི་ཟླ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་7898.5ཟིན་པ་དེ་དུས་མཚུངས་ལས་2.4%འཕར་ཡོད་པ་རེད། དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་7494.3ཟིན་ནས་དུས་མཚུངས་ལས་6.9%འཕར་ཡོད་པ་རེད། ཟླ་དང་པོ་ནས་བཅུ་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཞབས་ཞུའི་ལས་རིགས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་20.8%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་3.5ཡིས་མཐོ་རུ་ཕྱིན་ཡོད་པ་རེད།

    དམངས་འཚོའི་ཞན་ཆ་གསབ་ཤུགས་ཇེ་ཆེར་སོང་ནས། ལས་ཞུགས་དང་ཟོག་གོང་སྤྱི་ཡོངས་ནས་བརྟན་པོ་བྱུང་ཞིང་། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བའི་ནང་འཕྲོད་བསྟེན་དང་སྤྱི་ཚོགས་ལས་དོན་ལ་མ་དངུལ་གཏོང་ཚད་18.5%འཕར་བ་དང་། ཆུ་བེད་དང་། ཁོར་ཡུག སྤྱི་པའི་སྒྲིག་བཀོད་བཅས་ཀྱི་དོ་དམ་ལས་རིགས་ལ་མ་དངུལ་གཏོང་ཚད་2.6%འཕར་བ། རིག་གནས་དང་། ལུས་རྩལ། རོལ་རྩེད་ལས་རིགས་བཅས་ལ་མ་དངུལ་གཏོང་ཚད་0.4%འཕར་བ་བཅས་རེད། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་ཁྲོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་གཏོང་སྒོ་60.9%འཕར་བ་དང་། འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་21.5%འཕར་བ། རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་21.7%འཕར་བ། ཚན་རིག་ལག་རྩལ་གྱི་གཏོང་སྒོ་26.0%འཕར་བ་བཅས་རེད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་6.6གསར་དུ་ལས་ཞུགས་ཐུབ་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཟིན་པ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་མི་ཐེངས་ཁྲི་109.6ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཟིན་ཡོད་པ་རེད།

    འཛད་རྫས་ཁྲོམ་ར་མགྱོགས་མྱུར་བསྐྱར་དུ་འཕར་བ་དང་རིམ་སྤོར་རིགས་ཀྱི་ཚོང་ཟོག་མགྱོགས་མྱུར་འཕར་སྣོན་བྱུང་ཞིང་། 2023ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་ཞིང་ཆེན་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་899.6ཟིན་པ་དེ་དུས་མཚུངས་ལས་18.3%འཕར་བ་དང་འཕར་ཚད་ཟླ་དང་པོ་ནས་བཅུ་པའི་བར་ལས་བརྒྱ་ཆའི་གྲངས་3.2ཀྱིས་མཐོ་བ་ཡོད་པ་རེད། ཟླ་11པར་ཞིང་ཆེན་ཡོངས་སུ་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་73.3ཟིན་པ་དེ་དུས་མཚུངས་ལས་72.3%འཕར་བ་དང་འཕར་ཚད་ཟླ་བཅུ་པ་ལས་བརྒྱ་ཆའི་གྲངས་39.9ཡིས་མཐོ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།