དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྱིས་ཐབས་ལམ་མང་པོར་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-31

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ནོར་བུ་ས་གྲོང་རྡལ་གྱིས་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་དང་གྲོང་ཚོ་སྟོབས་ཆེར་གཏོང་བའི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་འབྲོག་ལས་དང་། སྒོ་རའི་དཔལ་འབྱོར། སྐྱེལ་འདྲེན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ནུས་ལྡན་ཕྱིན་ཡོད་པ་རེད།

    གྲོང་རྡལ་དེས་རི་མཐོའི་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་ནས་གསོ་ཚགས་དུད་ཆེན་དེ་རྐང་འཛིན་དང་འབྲི་གཡག་གསོ་ཚགས་འགན་ལེན་དུ་བྱས་ཏེ། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཤིང་། མིག་སྔའི་བར་མང་ཚོགས་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བགོ་འགྲེམས་བྱས་པ་རེད།

    བོགས་མར་གཏོང་བའི་བྱེད་ཐབས་བརྒྱུད་ས་ཞིང་བརྒྱུད་བཤུག་བྱས་ནས་ཞིང་ལས་ལ་ཕན་འབྲས་ཐོན་པ་དང་ཞིང་པར་འབབ་འཕར་ཡོང་བར་བྱས་ཤིང་། གཏེར་ཆུ་བཟོ་གྲྭའི་ས་ཆ་བོགས་མར་བླངས་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་11.5རག་གི་ཡོད་པ་དང་། བོད་ཕག་གསོ་ཚགས་ར་བ་བོགས་མར་བཏང་བར་ལོ་རེར་ཡོང་འབབ་སྒོར་ཁྲི་3.5རག་གི་ཡོད། དེ་དང་དུས་མཚུངས“སྒོ་རའི་ནང་སྔོ་འགྱུར། གྲོང་ཚོ་མཛེས་སྡུག་ལྡན་པ། ཞིང་དུད་འབབ་འཕར་ཡོང་བ”བཅས་ཀྱི་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་མང་ཚོགས་ལ་ཁང་པའི་རྒྱབ་མདུན་གྱི་བེད་མེད་ས་ཆ་སྤྱད་དེ་ཁྱད་ལྡན་འདེབས་འཛུགས་བྱེད་པར་སྐུལ་ལྕག་བྱས་ཤིང་། མིག་སྔར་དུད་ཚང་37གྱི་མང་ཚོགས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཞུགས་པར་དུད་ཚང་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.4ཟིན་ཡོད་པ་རེད།

    གཞན་ཡང་། གྲོང་རྡལ་དེས་ད་དུང་མང་ཚོགས་གཏེར་ཁ་དབོར་འདྲེན་ནང་ཞུགས་སུ་བཅུག་སྟེ་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་162ལ་ལོའི་ཡོང་འབབ་སྒོར་ཁྲི་630ལྷག་ཙམ་རག་པ་དང་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.8ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།