དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-30

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2023ལོའི་ཟླ་12ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ལོ་བཅུ་ཡི་རིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ཀུན་གྱི་དགའ་བསུ་ཆེ་ཤོས་ཐོབ་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་གཞི་ཁྱོན་ཆེ་ཤོས་ཀྱི་རྒྱལ་སྤྱིའི་མཉམ་ལས་སྟེགས་བུར་གྱུར་པས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྒུལ་ཤུགས་སྟོབས་ཆེན་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    ཁོང་གིས། 2023ལོ་ནི“རྒྱུད་གཅིག་ལམ་གཅིག”གི་དཔལ་འབྱོར་ཚོང་དོན་ལ་མ་འཇོག་མཉམ་ལས་བརྟན་ཐོག་ཡར་འཕེལ་བྱུང་བའི་ལོ་ཞིག་ཡིན། ཟླ་དང་པོ་ནས་བཅུ་གཅིག་བར། ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་ཁྲི་17.65བྱས་པ་དེ་དུས་མཚུངས་ལས་2.6%འཕར་བ་དང་། དངུལ་རྩ་མ་ཡིན་པའི་རིགས་ལ་ཐད་ཀར་མ་རྩ་མི་དམངས་ཤོག་སྒོར་དུང་ཕྱུར་2011བཞག་པ་དེ་དུས་མཚུངས་ལས་26.8%འཕར་བ། ལས་གྲྭ་འགན་གཙང་བླངས་ནས་ལས་གཉེར་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་7848ཟིན་པ་དེ་དུས་མཚུངས་ལས་8.5%འཕར་ཡོད་ཅེས་བརྗོད།

    ཕན་ཚུན་སྦྲེལ་མཐུད་མཉམ་ལས་ནས་གཏམ་བཟང་ཡང་ཡང་གྲགས་འོང་ཞིང་། རིམ་རྩིས་བྱས་ན། འདི་ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་16145དང་ཚད་ལྡན་དངོས་ཟོག་དོས་སྒམ་ཁྲི་174.9བཏང་བ་དེ་དུས་མཚུངས་ལས་7%དང་19%སོ་སོར་འཕར་ནས་དངོས་ཟོག་དབོར་འབོར་ན་ནིང་གི་བསྡོམས་འབོར་ལས་མང་བ་ཡོད། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་ལས་གཉེར་བྱས་ནས་ཟླ་བ་གཉིས་སོང་རིང་། འགྲུལ་པ་དབོར་ཚད་མི་ཐེངས་ཁྲི་100ལྷག་ཙམ་ཟིན་ལ། བྷང་ག་ལ་རྒྱལ་ཁབ་ཀྱི་གོ་ཧྥུའུ་ཕུག་ལམ་དང་། ནི་ཀྲེ་རི་ཡའི་ལེ་ཅིའི་གཏིང་རིང་གྲུ་ཁ་སོགས་ཀྱི་རྣམ་གྲངས་སྔ་རྗེས་སུ་དོན་འཁྱོལ་བྱུང་ནས་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

    དམངས་འཚོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཀྲུང་གོ་ཕྱོགས་ཀྱིས་སྐྲུན་རོགས་བྱས་པའི་ཨ་ཧྥེ་རི་ཁའི་རིམས་ནད་སྔོག་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་པུའི་རྣམ་གྲངས་ལོ་འགོར་ལེགས་གྲུབ་ཟིན་པ་དང་། ལུའུ་པན་ལས་ཁང་དང་། “འོད་ཟེར་བྱ་སྤྱོད” ཤ་མོ་དང་རྩྭ་འདེབས་ལག་རྩལ། རྒྱུད་འདྲེས་ཆུ་འབྲས། ཆིང་ཀའོ་སུ་སོགས“ཆུང་ཡང་དོན་སྙིང་ལྡན་པའི”དམངས་འཚོའི་ལས་གྲྭས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་ཐོགས་ནས་དགེ་མཚན་ལྡན་པའི་ཕན་ནུས་རྒྱ་ཁྱབ་ཏུ་ཐོན་བཞིན་ཡོད།

    ལྗང་མདོག་དང་གྲངས་འཛིན་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་མི་ཉམས་དར་རྒྱས་བྱུང་བཞིན་ཡོད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་མང་པོ་དང་མཉམ་དུ《“རྒྱུད་གཅིག་ལམ་གཅིག”ལྗང་མདོག་འཕེལ་རྒྱས་ཀྱི་པེ་ཅིང་གྲོས་འགོ》དང་། 《“རྒྱུད་གཅིག་ལམ་གཅིག”གྲངས་འཛིན་དཔལ་འབྱོར་གྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་པེ་ཅིང་གྲོས་འགོ》ཁྱབ་བསྒྲགས་བྱས་ཏེ། ཆུ་གློག་དང་། རླུང་གློག འོད་ཤུགས་སོགས་ལྗང་མདོག་ནུས་རྒྱུའི་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”སོགས་གྲངས་འཛིན་དཔལ་འབྱོར་གྱི་གཞི་རྟེན་གསར་པས་སྲོལ་རྒྱུན་ལས་རིགས་ལ་ཕན་འདོགས་རྒྱུར་སྐུལ་འདེད་བཏང་ཡོད།

    “ང་ཚོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་ནས་ལོ་10འཁོར་བ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ཏེ། ཕྱོགས་ཁག་དང་མཉམ་དུ‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྒུལ་ནུས་སྟོབས་ཆེན་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་མའོ་ཉིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།