དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2023ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྦྱོང་བརྡར་སྒར་ས་དུས་ཐེངས་བཞི་པ་གཉེར་འགོ་ཚུགས་པ།

    གཞོན་ནུ་ལོ་ཆུང་དེ་བས་མང་བ་བྲག་འཛེག་ལུས་རྩལ་ལ་དགའ་པོ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-30

    འདི་ནི་རྩལ་ཁྲིད་པས་སློབ་མར་གྲ་སྒྲིག་བྱེད་རོགས་བྱེད་བཞིན་པ།

    འདི་ནི་སློབ་མ་ཚོས་བྲག་འཛེག་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར། ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ལྗོངས་རི་འཛེག་རུ་ཁག་གིས་གཉེར་འགན་ཁུར་བའི་2023ལོའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྦྱོང་བརྡར་སྒར་ས་དུས་ཐེངས་བཞི་པ་ལྷ་སར་གཉེར་འགོ་ཚུགས་ཤིང་། ནག་ཆུ་དང་། ལྷ་ས། གཞིས་རྩེ་སོགས་ཀྱི་ལས་ཞོར་ལུས་རྩལ་སློབ་གྲྭའི་སློབ་མ་དང་དེ་བཞིན་བྲག་འཛེག་ལ་དགའ་པོ་བྱེད་མཁན་སྤྱི་ཚོགས་ཐོག་གི་མི་སྣ་37ཞུགས་པ་རེད།

    ད་ཐེངས་ཀྱི་སྦྱོང་བརྡར་དུས་ཡུན་ཟླ་བ་གཅིག་ཡིན་པ་དང་། དེའི་རིང་ཆེད་ལས་རྩལ་ཁྲིད་པས་བརྒྱུད་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་ངང་སློབ་ཚན་བཀོད་སྒྲིག་བྱས་པ་བརྒྱུད་སློབ་མས་བྲག་འཛེག་གི་རྩལ་ནུས་རིམ་བཞིན་ཁོང་དུ་ཆུད་པར་བྱས་ནས་ཁོ་ཚོའི་གཟུགས་པོའི་ནུས་ཤུགས་ཆེ་རུ་དང་སེམས་ཁམས་བྱང་ཚད་མཐོ་རུ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་འཛེག་ལུས་རྩལ་ནི་རི་འཛེག་ལུས་རྩལ་ལས་ཐོབ་པའི་རྩལ་འགྲན་ལུས་རྩལ་རྣམ་གྲངས་ཤིག་ཡིན་པ་དང་། བྲག་སྟེང་གི“པ་ལིའི་ཞབས་བྲོ”དང“བྲག་སྟེང་གི་སྒྱུ་རྩལ་ལུས་རྩལ”ཞེས་འབོད་སྲོལ་ཡོད། དེར་སྤྲོ་སྣང་འཕེལ་བ་དང་འགྲན་སློང་གི་རང་བཞིན་ལྡན་ཡོད་ལ། གསར་དུ་དར་བའི་ལུས་རྩལ་རྣམ་གྲངས་ཤིག་ཀྱང་ཡིན་པས། མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། གཞོན་ནུ་ལོ་ཆུང་དེ་བས་མང་བས་བྲག་འཛེག་ལ་རྒྱུས་མངའ་དང་ཉམས་ལེན་ཡག་པོ་བྱ་ཆེད། ལྗོངས་རི་འཛེག་རུ་ཁག་གིས་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་བྲག་འཛེག་སྦྱོང་བརྡར་སྒར་ས་གཉེར་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོར་ལུས་རྩལ་རྣམ་གྲངས་དེ་ཁྱབ་གདལ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།