དབུ་ཤོག
  • 2023ལོར་ཁྲིམས་སྲོལ་འདི་དག་གིས་ང་ཚོར་སྲུང་སྐྱོབ་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-29

    ● ལྕགས་ལམ་གྱི་འགྲུལ་པའི་སྤ་སེར་མིང་ངོ་མ་འགོད་པའི་ལམ་ལུགས་དོ་དམ་འཐུས་སྒོ་ཚང་དུ་བཏང་བ།

    《ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ལྕགས་ལམ་འགྲུལ་སྐྱེལ་སྒྲིག་སྲོལ》2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་བ་རེད། གཏན་འབེབས་གསར་པར་གཞིགས་ན། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་ལོ་ནར་གཞིགས་ཏེ་བྱིས་པའི་གཟིགས་སྐྱོང་སྤ་སེ་ལག་ལེན་བསྟར་བ་རེད།

    ● སྨན་རྫས་སྣ་ཁ་111རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པའི་ནང་བཅུག་པ།

    རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པའི་ནང་སྨན་རྫས་སྣ་ཁ་111གསར་དུ་བཅུག་པར་ཏོག་གསར་སྨན་བཅོས་ཐད་སྤྱོད་པའི་སྨན་སྣ་ཁ་2དང་། མཐོང་དཀོན་པའི་ནད་ལ་སྤྱོད་པའི་སྨན་སྣ་ཁ་7 བྱིས་པའི་སྨན་སྣ་ཁ་22སོགས་ཚུད་ཡོད། མང་ཆེ་བ་ནི་ལོ་5ཡི་ནང་ཚུན་དུ་གསར་དུ་ཁྲོམ་རར་བཏོན་པའི་སྨན་རྫས་ཡིན་པ་རེད།

    ● ཞིང་ཆེན་21གི་གཉེན་སྒྲིག་ཐོ་འགོད་ཐད“ཞིང་གྲོལ་ཀུན་སྒྲུབ”ཐུབ་པ།

    2023ལོའི་ཟླ་6ཚེས་1ཉིན་ནས་བཟུང་། གཉེན་སྒྲིག་ཐོ་འགོད་ཐད“ཞིང་གྲོལ་ཀུན་སྒྲུབ”ཐུབ་པ། ཚོད་ལྟའི་ས་ཁུལ་གྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས།

    གཉེན་སྒྲིག་ཐོ་འགོད་ཐད“ཞིང་གྲོལ་ཀུན་སྒྲུབ”ཐུབ་པ་དེ་པེ་ཅིང་དང་ཐེན་ཅིན་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21བར་རྒྱ་སྐྱེད་བཏང་བ།

    དུས་འགོའི་ཚོད་ལྟ་རྨང་གཞིར་བྱས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབང་ཆ་སྤྲད་པ་གཞིར་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ནང་སོག ལེའོ་ཉིང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན། ཅང་ཤིས། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཀོང་ཤིས། ཧའེ་ནན། ཁྲུང་ཆིང་། སི་ཁྲོན། ཧྲའན་ཤིས། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)21ཏུ་ནང་སའི་གྲོང་མིའི་གཉེན་སྒྲིག་ཐོ་འགོད་ཐད“ཞིང་གྲོལ་ཀུན་སྒྲུབ”ཀྱི་ཚོད་ལྟ་ལག་ལེན་བསྟར་བ་རེད།

    ● “བཙན་སྐུལ་དོན་ཚན”སོགས་དྲང་གཞག་མིན་པའི་དོན་ཚན་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《གན་རྒྱའི་སྲིད་འཛིན་ལྟ་འདོམས་བྱ་ཐབས》བཟོས་ནས་བཏོན་པ་རེད། ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་ནས“བཙན་སྐུལ་དོན་ཚན”དང་གན་རྒྱའི་ཁ་བསླུས་སོགས་དྲང་གཞག་མིན་པའི་དོན་ཚན་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་བ་རེད།

    ● དབང་པོ་སྐྱོན་ཅན་དང་རྒན་རྒོན་ལ་ཐོགས་མེད་ཀྱི་ཁོར་ཡུག་བཏོད་པ།

    དབང་པོ་སྐྱོན་ཅན་དང་རྒན་རྒོན་གྱིས་འདྲ་མཉམ་དང་། གང་ལེགས། སྟབས་བདེའི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པར་ཁྲིམས་སྐྱོང་གི་འགན་ལེན་ཡོད་པ།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོགས་མེད་ཁོར་ཡུག་གཏོད་པའི་བཅའ་ཁྲིམས》ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་ནས། དབང་པོ་སྐྱོན་ཅན་དང་རྒན་རྒོན་གྱིས་འདྲ་མཉམ་དང་། གང་ལེགས། སྟབས་བདེའི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་པར་ཁྲིམས་སྐྱོང་གི་འགན་ལེན་ཡོད་པ།

    ● བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་གཞི་བདག་སྤྲོད་ཀྱི་གོ་རིམ་སྔར་བས་ཚད་གཞི་ཅན་དང་ཚད་ལྡན་ཅན་དུ་སྐུལ་འདེད་བཏང་བ།

    གསར་དུ་བཟོ་བཅོས་བརྒྱབ་པའི《བཅའ་ཁྲིམས་ཀྱི་རོགས་སྐྱོར་གྱོད་གཞི་བདག་སྤྲོད་ཀྱི་གོ་རིམ་གཏན་འབེབས》ཟླ་9ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་ཏེ། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་བདག་སྤྲོད་ཀྱི་གོ་རིམ་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།

    ● ཕྲུ་གུ་དམར་འབྱར་དང་བྱིས་པའི་རྫས་སྦྱོར་འོ་རྩམ་གྱི་ཐོན་རྫས་ལ“སྐྱེ་ཁམས་འབྲོག་ར”སོགས་ཁ་མི་གསལ་བའི་ཆ་འཕྲིན་འགོད་མི་ཆོག་པ།

    གསར་དུ་བཟོ་བཅོས་བརྒྱབ་པའི《ཕྲུ་གུ་དམར་འབྱར་དང་བྱིས་པའི་རྫས་སྦྱོར་འོ་རྩམ་ཐོན་རྫས་ཀྱི་རྫས་སྦྱོར་ཐོ་འགོད་དོ་དམ་བྱ་ཐབས》ཟླ་10ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།

    ● སློབ་གསོ་པུས《སློབ་ཕྱིའི་གསོ་སྦྱོང་ལ་སྲིད་འཛིན་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》བཀྲམ་པ།

    ཁྲིམས་འགལ་བར་རྡུང་རྡེག་གཏོང་བ་དང་ཁྲིམས་དང་མཐུན་པར་སྲུང་སྐྱོང་གིས“ཁུར་པོ་ཡང་གཏོང་གཉིས”ཀྱི་སྒྱུར་བཅོས་ལ་ཟམ་མི་ཆད་པར་ཕན་འབྲས་ཐོན་པར་བྱས་པ།

    《སློབ་ཕྱིའི་གསོ་སྦྱོང་ལ་སྲིད་འཛིན་ཆད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》2023ལོའི་ཟླ་10ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།

    ● གློག་སྒུལ་རྐང་འཁོར་ལ་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བསྣན་པ།

    བཟོ་འཕྲིན་པུས་གློག་སྒུལ་རྐང་འཁོར་གྱི་སྐུད་པ་ཨ་མའི་སྤྱི་སྤྱོད་ལག་རྩལ་ཚད་གཞི་དང་། གློག་སྒུལ་རྐང་འཁོར་གྱི་ལིས་གྱེས་རྡུལ་གློག་རྫས་ཐོན་རྫས་ཀྱི་ཚད་གཞི། གློག་སྒུལ་རྐང་འཁོར་གྱི་གློག་རྡུལ་ཚོད་འཛིན་མ་ལག(ECU)སྤྱི་སྤྱོད་ལག་རྩལ་ཚད་གཞི་བཅས་བཏོན་པ།

    བཟོ་འཕྲིན་པུས་བཀྲམ་པའི《གློག་སྒུལ་རྐང་འཁོར་གྱི་སྐུད་པ་ཨ་མའི་སྤྱི་སྤྱོད་ལག་རྩལ་ཚད་གཞི》སོགས་རྒྱལ་ཁབ་ཀྱི་ཚད་གཞི་ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། གློག་སྒུལ་རྐང་འཁོར་ལ་རྒྱལ་ཁབ་ཀྱི་ཚད་གཞི་གསར་པ་བསྣན་ནས་སྤྱོད་མཁན་ལ་བདེ་འཇགས་འགན་ལེན་དེ་བས་ལེགས་པར་ཡོང་བར་བྱས་པ་རེད།

    ● འགྲོ་ལམ་གྱི་རབ་གསལ་ཕྱོགས་སྟོན་གློག་རྡུལ་ས་བཀྲར་མཛུབ་ཁྲིད་རང་བཞིན་གྱི་ཚད་གཞི་ཡོད་པ།

    རང་བྱུང་ཐོན་ཁུངས་པུས་བཀྲམ་པའི《འགྲོ་ལམ་གྱི་རབ་གསལ་ཕྱོགས་སྟོན་གློག་རྡུལ་ས་བཀྲའི་གྲངས་གཞིའི་ཚད་གཞི》དང《འགྲོ་ལམ་གྱི་རབ་གསལ་ཕྱོགས་སྟོན་གློག་རྡུལ་ས་བཀྲ་ཐོན་སྐྱེད་ལག་རྩལ་ཚད་གཞི》ཟླ་11ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། འགྲོ་ལམ་གྱི་རབ་གསལ་ཕྱོགས་སྟོན་གློག་རྡུལ་ས་བཀྲར་མཛུབ་ཁྲིད་རང་བཞིན་གྱི་ཚད་གཞི་ཡོད་པས་འཁོར་གཏོང་ཕྱིར་སྐྱོད་སྔར་བས་ནུས་ཆེ་དང་སྟབས་བདེར་སོང་བ་རེད།

    ● སྤྱི་ཚོགས་འགན་བཅོལ་ལས་གཉེར་གྱི་ཞབས་ཞུ་སྟབས་བདེ་རུ་དང་ཕན་འབྲས་ཆེ་རུ་བཏང་བ།

    སྤྱི་ཚོགས་འགན་བཅོལ་གྱི་ལས་རིམ་སྟབས་བདེ་རུ་བཏང་ནས་སྟབས་བདེ་དང་ནུས་ཆེའི་ངང་གཉེར་བར་སྐུལ་འདེད་བཏང་བ།

    《སྤྱི་ཚོགས་འགན་བཅོལ་ལས་གཉེར་གྱི་སྲོལ་ཡིག》ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། སྲོལ་ཡིག་ལྟར་ན་སྤྱི་ཚོགས་འགན་བཅོལ་གཉེར་མཁན་ལས་ཁུངས་ཀྱིས་ཆ་འཕྲིན་ཞིབ་བསྡུར་དང་རང་འདོད་ངོས་འཛིན་སོགས་ཀྱི་བྱ་ཐབས་བརྒྱུད་འགན་བཅོལ་ལ་ཞུགས་མཁན་གྱི་ཐོབ་ཐང་ལོངས་སྤྱོད་ཞིབ་བཤེར་བྱས་ནས། “གྲངས་གཞི་མང་ཙམ་སྤྱད་པ”བརྒྱུད“མང་ཚོགས་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་ཐུབ་པ”བྱས་ཡོད།

    ● བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཕྱིར་ཚོང་བྱ་སྤྱོད་ཚད་ལྡན་དུ་བཏང་བ།

    《བཟའ་བཅའི་ཞིང་ལས་ཐོན་རྫས་ཁྲོམ་རའི་ཕྱིར་ཚོང་གི་སྤུས་ཚད་བདེ་འཇགས་ལྟ་འདོམས་བྱ་ཐབས》ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད། བྱ་ཐབས་ནང་བཟའ་བཅའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཐད་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་ཚོན་མདོག་འགྱུར་བྱེད་ཀྱི་གློག་འོད་སོགས་ཀྱི་སྒྲིག་ཆས་སྤྱད་དེ། འཛད་སྤྱོད་པ་འཁྲུལ་བར་བྱེད་མི་རུང་བའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།