དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་23པའི་ཕྱོགས་སྡོམ་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-29

    ཟླ་12ཚེས་26ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་སྡེ་ཚོགས་ཀྲུང་དབྱང་གི་བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་23པའི་ཕྱོགས་སྡོམ་སྤེལ་རེས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཚོགས་འདུར་བསྟན་དོན། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་23པའི་ཁོངས་མིས་ལྗོངས་བབ་ཤེས་རྟོགས་དང་། ས་གནས་ལ་ཞབས་འདེགས་ཞུ་བ། ཉམས་མྱོང་གསོག་འཇོག འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་བོད་ལྗོངས་ཕ་ཡུལ་གཉིས་པར་བརྩིས་ཏེ་རང་ཉིད་ཀྱི་ལས་གནས་ལ་གཞི་ཚུགས་པ་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་པ། འགན་འཁྲི་ཏན་ཏིག་འཁུར་བ་དང་བྱས་རྗེས་འཇོག་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་སྒོས་བློ་གྲོས་སྐྱེས་སུ་ཕུལ་བས་ལས་བྱེད་པ་དང་མང་ཚོགས་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིས་བོད་ཀྱི་བྱ་གཞག་ཁག་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བོད་ལྗོངས་ངོ་སྤྲོད་བྱེད་པའི་དྲིལ་བསྒྲགས་པ་དང་། མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་གཏུག་པ། ཉམས་མྱོང་བརྒྱུད་སྤྲོད་བྱེད་པའི་ཆ་འཕྲིན་པ་བཅས་ཡག་པོ་བྱེད་པ་དང་། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ལ་མུ་མཐུད་བརྩེ་སེམས་འཆང་བ། བོད་ཀྱི“གཉིས་འགུགས་གཉིས་འདྲེན”སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མུ་མཐུད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

    ཚོགས་འདུར་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མིའི་འཐུས་མི་12ཀྱིས་གནས་སྦྱར་ཞབས་ཞུའི་ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་གྱིས་སྤེལ་རེས་གཏམ་བཤད་བྱས་པ་དང་ཆབས་ཅིག ལས་ཀའི་གྲུབ་འབྲས་དང་། ལག་ལེན་གྱི་མྱོང་ཚོར། བསམ་གཞིག་གི་གྲོས་འགོ་བཅས་སྙན་སེང་ཞུས་པ་དང་། ཐོབ་དཀའ་བའི་ཉམས་མྱོང་དང་གཟི་བརྗིད་ལ་གཅེས་འཛིན་ལྡབ་འགྱུར་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་འཛུཌ་སྐྲུན་ལ་བློ་གྲོས་དང་སྟོབས་ཤུགས་མུ་མཐུད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2004ལོ་ནས་ད་བར་བོད་ཀྱིས་འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་19ཡི་ཁོངས་མི་320བོད་སྐྱོད་ཞབས་ཞུ་དང་སྦྱོང་བརྡར་བྱེད་པར་དང་ལེན་བྱས་པ་དང་། རྒྱ་ཆེའི་འབུམ་རམས་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ནས་བོད་ཀྱི་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆའི་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། འབུམ་རམས་པའི་ཞབས་ཞུ་ཚོགས་པ་ཁག་23པས་འབུམ་རམས་པ་37བོད་སྐྱོད་ཞབས་ཞུ་དང་སྦྱོང་བརྡར(མི་9ཞབས་ཞུ་ནར་འགྱངས་བྱས་པ)ལ་འདེམས་གཏོང་བྱས་པ་དང་། དེའི་ནང་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། རིག་གནས་དྲིལ་བསྒྲགས། སྐྱེ་ཁམས་ཁོར་ཡུག གྲོང་གསེབ་དར་རྒྱས་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།