དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་ཀྱི་སེམས་གཏམ་ཉན། དམངས་འཚོར་ཕན་པ་འདོགས།

    ཀརྨ་དགོན་གསར་ཁྲོམ་གཞུང་གིས་བཅོས་སྐྱོང་ནུས་པ་དང་ཞབས་འདེགས་ཀྱི་ཕན་འབྲས་ཆེ་རུ་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-29

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། ཀརྨ་དགོན་གསར་ཁྲོམ་གཞུང་གིས“དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་མཁན་ཡོད་པ་དང་། དམངས་ཀྱི་བསམ་འདུན་ལ་ཉན་མཁན་ཡོད་པ། དམངས་ཀྱི་ལས་དོན་སྒྲུབ་མཁན་ཡོད་པ། དམངས་ཀྱི་རྩོད་གཞི་འདུམ་མཁན་ཡོད་པ། དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་མཁན་ཡོད་པ”བཅས་ནི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཚད་དུ་བརྩིས་ཏེ། ཏང་འཛུགས་སྐྱོང་དང་། ཞབས་འདེགས། རིག་གནས། མཉམ་བཅོས། མཐུན་སྒྲིལ། དུས་བདེ་སོགས་དང་མཉམ་འདྲེས་ཀྱིས་ཁྲོམ་གཞུང་གི་བཅོས་སྐྱོང་ནུས་པ་དང་ཞབས་འདེགས་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་ཞབས་འདེགས་ཀྱིས་གྲོང་མིར་བདེ་སྐྱིད་བསྐྲུན་ཡོད་པ་རེད།

    ཀརྨ་དགོན་གསར་ཁྲོམ་གཞུང་ནི་ཁུལ་ཆུང་རྙིང་པར་གཏོགས་པས་མི་སྒེར་གྱིས་བརྒྱབ་པའི་སྡོད་ཁང་དང་ཚོང་དུད་ཆུང་གྲས་ཅུང་མང་པོ་ཡོད། ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་རྨང་གཞི་ཞན་པ་དང་ལྷག་བསྡད་པའི་གནད་དོན་མང་བའི་གནས་ཚུལ་ལ་གཞིགས་ཏེ། ཁྲོམ་གཞུང་དུ་ཤུ་རྒྱག་པ་དང་། སྡེ་ཚན་དུ་འབྱོར་ཐོ་འགོད་པ། བོད་སྐྱོར་གྱིས་རོགས་རམ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་སྤེལ་ཞིང་། ལམ་བཟུང་ནས་གཉེར་སྐྱོང་བྱེད་མཁན་ཁྱོན་ཚོང་དུད་900ལྷག་ཙམ་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་དུ་བཞག་པའི་གནད་དོན་1000ལྷག་ཙམ་ལ་བཅོས་སྒྲིག་བྱས་པར། ད་ཆ“ཀརྨ་དགོན་གསར་སྡེ་ཁུལ་གྱི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་འཁྲིད་པའི་སྲང་ལམ”དང“རྔ་ཆེན་ལམ་བྱང་ཕྱོགས་སྡེ་ཁུལ་གྱི་ཡ་རབས་ཡིད་རྟོན་སྲང་ལམ”སོགས་བཀྲག་མདངས་འཚེར་སའི་སྲང་ལམ་བཞི་བསྐྲུན་ཡོད་པ་རེད། དེ་དང་ཆབས་ཅིག པེ་ཅིང་གྲོང་ཁྱེར་ཐུང་ཀྲོའུ་ཆུས་ཀྱིས་བོད་སྐྱོར་གྱི་ནུས་པ་གང་ལེགས་བཏོན་ཏེ། མ་དངུལ་སྒོར་ཁྲི་20ལྷག་ཙམ་བཏང་ནས་གློག་སྒུལ་འཁོར་རིགས་70ལྷག་ཙམ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོར་རྒྱབ་སྐྱོར་བྱས་པས། གཞི་རིམ་བཅོས་སྐྱོང་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    ཀརྨ་དགོན་གསར་ཁྲོམ་གཞུང་ཏང་དོན་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་མཐའ་འཁྱོངས་འཁྲིད་ནས་ལས་ཐོག་ཏང་ཡོན་སྡེ་ཁུལ་དུ“འབྱོར་ཐོ་གཉིས་འགོད་དང་། སྐར་མ་གཉིས་གསོག”པར་སྐྱོད་པའི་བྱེད་སྒོ་སྤེལ་བར། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་ཡོད། ལས་དོན་སྤེལ་རིང་། ཀརྨ་དགོན་གསར་ཁྲོམ་གཞུང་དུ་དྲ་མིག་དཔོན་དང་། དྲ་མིག་པ། དྲ་མིག་ཉེན་རྟོག་པ། དྲ་མིག་མཛུབ་ཁྲིད་པ། དྲ་མིག་མེ་ཟོན་པ། དྲ་མིག་ལས་རོགས་ཉེན་རྟོག་བཅས“1+5+X+N”གྱི་སྟོབས་ཤུགས་ལ་སྤྱི་འདོམས་ཀྱིས་དོན་འཁྱོལ་ནུས་ལྡན་བྱས་པར། ཁྱོན་ཡོངས་ལ་ཁྱབ་པ་དང་ལས་ཆོད་ཆེན་པོས་གྲོང་མིར་ཞབས་འདེགས་ཞུ་བའི་དྲ་མིག་ཅན་གྱི་མ་ལག་ཅིག་གྲུབ་སྟེ་མི་འབོར་གྱི་གཞི་གྲངས་གསལ་པོ་དང་། གནས་ཚུལ་གསལ་པོ། ཆ་འཕྲིན་གསལ་པོ་བཅས་བྱུང་ཡོད། ཁྲོམ་གཞུང་གིས་ད་དུང“གཡག་ཚེ་རིང”བོགས་གཏོང་ཁང་པའི་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ནས་རིམ་དབྱེ་ཅན་དང་། ཆ་འཕྲིན་ཅན། ཁྲིམས་སྐྱོང་ཅན། རིག་ནུས་ཅན། སྤྱོད་སྐྱོང་ཅན་གྱི་དོ་དམ་བཅས“དོ་དམ་ལྔ་ལྡན”གྱི་བྱེད་སྟངས་ལག་ལེན་བསྟར་ཏེ་ཕྱོགས་མིར་དོ་དམ་བྱེད་སྟངས་གསར་པ་བཏོད་ནས་གྲོང་མི་བདེ་སྡོད་ལས་བརྩོན་ཐུབ་པར་འགན་ལེན་བྱས་པ་རེད།

    སེ་འབྲུའི་རྡོག་ལྟར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་གྱི་སྡེ་ཁུལ་བསྐྲུན་པ་སྟེ། ཀརྨ་དགོན་གསར་ཁྲོམ་གཞུང་འོ་རྒྱལ་ཐང་སྡེ་ཁུལ་གྱིས“གྲོང་མིའི་གྲོས་བསྡུར་ཚོགས་འདུ་དང་། མི་དམངས་འདུམ་འགྲིག་ཨུ་ཡོན་ཚོགས་འདུ། སྤྱི་པའི་འཕྲོད་བསྟེན་ཨུ་ཡོན་ཚོགས་འདུ”བཅས་ཀྱི་ཚོགས་འདུ་གསུམ་གྱི་ལམ་སྲོལ་བཙུགས་ཏེ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁུལ་གྱི“ཀྲི་པུའུ་ཨུ་ལྷན་ཆེན་པོའི”ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་སྟངས་ཁྱབ་གདལ་གཏོང་བ། ལས་དོན་མཉམ་སྒྲུབ་དང་། ཐོན་ཁུངས་མཉམ་སྤྱོད། ཞབས་འདེགས་མཉམ་འཛིན། བཅོས་སྐྱོང་མཉམ་གཏོད་བཅས་ཀྱི“མཉམ་བཞིའི” བྱེད་ཐབས་མཐའ་འཁྱོངས། གྲོང་གསེབ་ཀྱི“བསྐྱར་དར་བྱིས་པའི་ཕོ་བྲང”བསྐྲུན་པ། སྣ་མང་ཕུན་སུམ་ཚོགས་པའི“སྤྱི་ཕན་སློབ་ཁང”དང་། “ཕ་མའི་སློབ་ཁང” སྤྱི་ཕན་ཟུར་ཁྲིད། སློབ་གསེང་གི་ལག་ལེན། ཕ་མ་བུ་ཕྲུག་གི་སློབ་གསོ། ལྟ་བ་ལྔའི་སློབ་གསོ། ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བའི་སྦྱོང་བརྡར། ཁ་ཕྱོགས་གཏན་འཁེལ་གྱི་གཅེས་སྐྱོང་སོགས་བྱེད་སྒོའི་རྣམ་གྲངས་སྣ་ཚོགས་སྤེལ་བ། “མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི”དོན་འཁྱོལ། རྒྱ་བོད་སྐད་ཡིག་གཉིས་ཀྱི་སློབ་སྦྱོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྤེལ་ནས། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་ཞིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།