དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཁྱེད་ལ་སྲུང་སྐྱེལ་ཞུ།

    —— ཀྲུང་གོའི་མཚོ་དམག་ཡ་ཏིང་མཚོ་ཁུག་དང་སོ་མ་ལིའི་མཚོ་ཁོངས་སུ་སྲུང་སྐྱེལ་ལ་བསྐྱོད་ནས་ལོ་15འཁོར་བའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-29

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡུན། མོ་ཞའོ་ལེང་། སུན་ཧྥེ།

     འདི་ནི“མེས་རྒྱལ་གྱི་མཚོ་དམག་གི་སྲུང་སྐྱེལ་ལ་ཐུགས་རྗེ་ཆེ་ཞུ”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་བའི་སྲུང་སྐྱེལ་བྱ་ཡུལ་གྲུ་གཟིངས་ཀྱི་ལས་དོན་པས་ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་42ལག་པ་གཡུག་གཡུག་བྱས་ནས་གུས་ལན་ཞུ་བཞིན་པ།

    (2022ལོའི་ཟླ་11ཚེས་5ཉིན་པར་བླངས)

    2008ལོའི་ཟླ་12ཚེས་26ཉིན། ཀྲུང་གོའི་མཚོ་དམག་གིས་ཡ་ཏིང་མཚོ་ཁུག་དང་སོ་མ་ལིའི་མཚོ་ཁོངས་སུ་སྲུང་སྐྱེལ་དཔུང་རུ་ཐེངས་དང་པོ་མངགས་ཡོད། ལོ་15ཡི་རིང་། ཀྲུང་གོའི་མཚོ་དམག་གིས་སྲུང་སྐྱེལ་དཔུང་རུ་ཁག་45དང་། དམག་གྲུ་ཐེངས་150 དཔོན་དམག་ཁྲི་3.5ལྷག་ཙམ་བཅས་བསྟུད་མར་སྲུང་སྐྱེལ་ལས་འགན་བསྒྲུབས་པར་མངགས་པ་དང་། རིམ་རྩིས་བརྒྱབ་ན་འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་གྲུ་གཟིངས་12ཚུད་པའི་ཁག་1600ལྷག་ཙམ་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲུ་གཟིངས་7200ལྷག་ཙམ་བདེ་འཇགས་ངང་སྲུང་སྐྱེལ་བྱས་ཡོད།

    ལོ་འདི་དག་རིང་གི་སྲུང་སྐྱེལ་ཉིན་ཐོར་བལྟས་ཚེ་སྲུང་སྐྱེལ་དཔུང་རུའི་ལས་འགན་སྣ་མང་ཡིན་ཞིང་། སྲུང་སྐྱེལ་བྱས་པ་ཕུད། ད་དུང་ཕྱི་རྒྱལ་གྱི་མཚོ་དམག་དང་མཉམ་དུ་རྒྱུན་རྣམ་གྱི་མཉམ་འབྲེལ་ནང་སྦྱོང་བྱས་པ་དང་ཕན་ཚུན་དམག་གྲུར་དམག་དཔོན་ལྟ་ཞིབ་བྱེད་པར་མངགས་པ་དང་འབྲེལ། རྒྱལ་ཁབ་བཅུ་གྲངས་ཀྱི་སྲུང་སྐྱེལ་དམག་གྲུ་དང་མཉམ་འབྲེལ་སྲུང་སྐྱེལ་དང་། མཚོ་ཇག་འགོག་ཟོན། རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བཅས་ཀྱི་ནང་སྦྱོང་བྱས་ཡོད།

    ལོ་15ཡི་རིང་། དམག་གྲུ་དང་དམངས་གྲུ་དང་། མི་སྣ། བྱ་ཐབས་བཅས་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་མཚོ་དམག་གི་ཐོག་མའི་བསམ་འདུན་ལ་འགྱུར་ལྡོག་གཏན་ནས་བྱུང་མེད། ཐ་ན་ཕྱི་རྒྱལ་གྱི་ཚོང་གྲུ་མི་ཉུང་བ་ཞིག་གིས་ཀྲུང་གོའི་མཚོ་དམག་སྲུང་སྐྱེལ་རུ་ཁག་ནང་ཞུགས་རྒྱུའི་རེ་འདུན་ཞུས་ནས་སྲུང་སྐྱོང་ཐོབ་ཐབས་བྱེད་ཀྱི་ཡོད།

    ཡ་ཏིང་མཚོ་ཁུག་དང་སོ་མ་ལིའི་མཚོ་ཁོངས་སུ་སྲུང་སྐྱེལ་བྱེད་སྐབས་གནམ་ས་གཡོ་བའི་མེ་སྒྱོགས་ཀྱི་སྒྲ་ཐོས་ཉུང་ཡང་ཧ་ལས་ཧང་སངས་དགོས་པའི་དམག་འཐབ་ཡང་ཡང་མཐོང་རྒྱུ་ཡོད། ཡ་ཏིང་མཚོ་ཁུག་དང་སོ་མ་ལིའི་མཚོ་ཁོངས་སུ་ཉིན་5400ལྷག་ཙམ་རིང་སྲུང་སྐྱེལ་དཔུང་རུ་ཁག་45ཡིས་སྲུང་སྐྱེལ་ཧུར་ཐག་བྱས་ནས་མུ་མེད་ཀྱི་མཚོ་འགྲུལ་ལམ་བུར“ཀྲུང་གོའི་རྒྱུགས་ལན”བྲིས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།