དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དམངས་འདོད་བརྟག་དཔྱད་ལས་བྷང་ག་ལའི་དམངས་ཚོགས་ཀྱིས་ཀྲུང་གོར་ལྟ་སྟངས་ཡག་པོ་འཛིན་ལུགས་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁ་ནས་གློག་འཕྲིན་འབྱོར་གསལ། བྷང་ག་ལ་རྒྱལ་ཁབ་ཇུས་འདོན་ཚོགས་པ་འདེམས་སྒྲུག་ཞིབ་འཇུག་ལྟེ་གནས་ཀྱིས་2023ལོའི་ཟླ་12ཚེས་21ཉིན་ཁྱབ་བསྒྲགས་བྱས་པའི《བྷང་ག་ལ་བའི་མིག་ནང་གི་ཀྲུང་གོའི་གཟུགས་བརྙན》ཞེས་པའི་དམངས་འདོད་བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། བྷང་ག་ལའི་དམངས་ཚོགས་ཕལ་ཆེ་བར་ཀྲུང་གོའི་བག་ཆགས་བཟང་པོ་ཡོད་ཅིང་། བྷང་ག་ལ་དང་ཀྲུང་གོའི་འབྲེལ་བའི་ད་ལྟའི་གནས་སྟངས་ལ་བློ་ཡིད་ཚིམ་པའི་ཁར། ཀྲུང་གོར་ཤེས་རྟོགས་བྱེད་ཚད་ཟབ་ཏུ་འགྲོ་རེའང་ཡོད།

    དམངས་འདོད་བརྟག་དཔྱད་སྙན་ཞུའི་ནང་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན་བཅུ་ཆ་དགུ་ལྷག་ཙམ་གྱིས་བྷང་ག་ལ་དང་ཀྲུང་གོའི་འབྲེལ་བའི་ད་ལྟའི་གནས་སྟངས་ཡག་པོ་ཡོད་པ་དང་ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་བརྒྱུད་བྷང་ག་ལར་དགེ་མཚན་ལྡན་པའི་འགྱུར་ལྡོག་བྱུང་བའི་ངོས་འཛིན་བྱས་ཡོད། བྷང་ག་ལའི་ཚོང་དོན་རོགས་ཟླ་དང་། འཕེལ་རྒྱས་ཀྱི་རོགས་ཟླ། ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ཡོང་ཁུངས་བཅས་གལ་ཆེན་ཡིན་པའི་ཀྲུང་གོའི་གནས་བབ་ལ་ཡོངས་ཁྱབ་ངང་ཁས་ལེན་ཐོབ་ཅིང་། བྷང་ག་ལའི་དམངས་ཚོགས་དེ་བས་མང་བས་ཀྲུང་གོར་བསྐྱོད་ནས་ཡུལ་སྐོར་དང་། སློབ་སྦྱོང་། ཚོང་གཉེར་བཅས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    དེ་ཉིན་འཚོགས་པའི་དམངས་འདོད་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཚོགས་ཞུགས་སྐུ་མགྲོན་གྱིས། ད་རེས་ཀྱི་དམངས་འདོད་བརྟག་དཔྱད་བྱས་འབྲས་ལས་བྷང་ག་ལའི་དམངས་ཚོགས་ལ་ཀྲུང་གོ་དང་དེ་བཞིན་ཀྲུང་གོ་དང་བྷང་ག་ལའི་དབར་གྱི་འབྲེལ་བར་དགེ་མཚན་ལྡན་པའི་བག་ཆགས་ཡོད་ལུགས་སྐོར་དོན་དངོས་དང་མཐུན་ལ་ཕྱོགས་ཡོངས་ནས་མངོན་ཡོད། ཀྲུང་གོ་དང་བྷང་ག་ལས་འདྲ་མཉམ་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག གཉིས་ཕན་མཉམ་ལས་བཅས་བྱས་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བར་བརྟེན་བྷང་ག་ལའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བསྐྲུན་ཡོད་ལ་ཀྲུང་གོའི་རྒྱལ་ཁབ་ཀྱི་གཟུགས་བརྙན་བཟང་པོ་ཞིག་ཀྱང་བཏོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།