དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ས་ཡོམ་བརྒྱབ་ཁུལ་གྱི་མི་9551 སྟབས་བདེའི་ཁང་པར་སྤོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-29

    ཚེས་27ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི“12·18”ས་ཡོམ་གྱི་ཡོམ་འགོག་གེགས་སེལ་གྱི་ས་གནས་ས་ཐོག་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་12ཚེས་26ཉིན་གྱི་ཆུ་ཚོད་18བར་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། དབའ་ལུང་ཧུད་རིགས་རང་སྐྱོང་རྫོང་བཅས་སུ་སྟབས་བདེའི་ཁང་པ་2230བརྒྱབ་པར་དུད་ཚང་2258ཀྱི་མི་9551སྤོས་པས། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་ཡོད་པ་རེད།

    འདི་ནི་མཚོ་སྔོན་རྨིན་ཧོ་རྫོང་ཀྲུང་ཁྲོན་ཤང་ཅིན་ཐེན་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཅིན་ཐེན་གྲོང་ཚོའི་གྲོང་མི་ཀྲའོ་ཞུའེ་ཕིང་གིས་སྟབས་བདེའི་ཁང་པའི་ནང་ནང་མིར་དགོང་ཟས་གྲ་སྒྲིག་བྱེད་བཞིན་པ།

    འདི་ནི་ཕྲུ་གུ་ཞིག་མཚོ་སྔོན་རྨིན་ཧོ་རྫོང་ཀྲུང་ཁྲོན་ཤང་ཅིན་ཐེན་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་རྩེད་མོ་རྩེ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།