དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ལས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་རྙེད་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-28

    འདི་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་བཏོན་གནང་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་པ་དང་། ཚེས་25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་དེས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་ཡོང་ཐབས་བྱེད་པ་དང་། འཕེལ་རྒྱས་དོན་གཉེར་བྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཡོངས་ཁྱབ་ཀྱི་འདུན་པར་ལན་བཏབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་རྙེད་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས། ལོ་བཅུའི་གོང་དུ་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་བལྟོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་གལ་ཆེན་གསར་གཏོད་རང་བཞིན་གྱི་སྒོ་ནས་བཏོན་གནང་ཡོད། ལོ་བཅུའི་རིང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དེ་འདུ་ཤེས་ནས་བྱ་སྤྱོད་དུ་བསྒྱུར་ཏེ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་འགན་ལེན་ནུས་ལྡན་བྱས་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་བསྣན་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྲོ་སེམས་འཁོལ་པོས་དང་ལེན་ཞུས་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཀྱིས་ཞི་བདེ་འཕེལ་རྒྱས་གདོང་ཐུག་ཁ་གཏད་ལས་བརྒལ་བ་དང་། ཐུན་མོང་གི་བདེ་འཇགས་ཀྱིས་བལྟོས་མེད་བདེ་འཇགས་ཀྱི་ཚབ་བྱེད་པ། གཉིས་ཁེ་གཉིས་ཕན་གྱིས་རྒྱལ་ཕམ་འགྲན་པ་དོར་བ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་བརྟེན་ནས་ཤེས་དཔལ་གྱི་གདོང་ཐུག་མི་ཐོན་པར་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་བརྟེན་ནས་ས་གོ་ལའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེ་ཡོང་ཐབས་བྱེད་པ་དང་། འཕེལ་རྒྱས་དོན་གཉེར་བྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཡོངས་ཁྱབ་ཀྱི་འདུན་པར་ལན་བཏབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་རྙེད་ཡོད་ཅེས་བརྗོད་པ་རེད།

    ཁོང་གིས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་འདུ་ཤེས་ཀྱི་ཁྲིད་སྟོན་འོག་ཀྲུང་གོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་སོགས་ཀྱི་གྲོས་འགོ་གལ་ཆེན་བཏོན་པ་དང་འབྲེལ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཞི་བདེ་ཡུན་བརྟན་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་དབྱེ་བསྟུན་མཁས། དྭངས་གཙང་མཛེས་སྡུག་བཅས་ཀྱི་འཛམ་གླིང་བསྐྲུན་ནས་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།