དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-28

    ཉིན་ཤས་གོང་དཔྱིད་གསར་དུས་ཆེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་གཏན་འཁེལ་བྱས་ཤིང་། ཚེས་25ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་རེད་ལ་འཛམ་གླིང་གི་ཡང་ཡིན་པས། འཛམ་གླིང་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ། ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་དང་། ཕན་ཚུན་གྲུབ་འབྲས་བཏོད་པ། སྤེལ་རེས་དང་དཔྱད་གཞིར་འཛིན་པ་བཅས་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་པར། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཐོག་དཔྱིད་གསར་དུས་ཆེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་གཏན་འཁེལ་བྱེད་པའི་གྲོས་ཆོད་ལ་གཅིག་གྱུར་གྲོས་འཆམ་བྱུང་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་ལོ་གསར་འདི་གཏོང་རྩིས་ཡོད་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    མའོ་ཉིང་གིས་བརྗོད་དོན། དཔྱིད་གསར་དུས་ཆེན་ནི་ཀྲུང་ཧྭའི་རིག་གནས་ཁྲོད་ལོ་རྒྱུས་རིང་ཤོས་དང་གལ་ཆེ་ཤོས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། ནང་མི་མཉམ་འཛོམས་དང་རྙིང་སྐྱེལ་གསར་བསུའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་པ་དང་། དཔྱིད་གསར་དུས་ཆེན་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རྒྱལ་ཁབ་20ཙམ་གྱིས་དཔྱིད་གསར་དུས་ཆེན་ཁྲིམས་གཏན་འཁེལ་བའི་དུས་ཆེན་དུ་བརྩིས་པ་དང་། གོ་ལ་ཧྲིལ་པོའི་མི་འབོར་ལྔ་ཆ་གཅིག་ཙམ་གྱིས་རྣམ་པ་མི་འདྲ་བའི་ཐོག་ནས་ལུགས་རྙིང་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ཅིང་། དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་བྱེད་སྒོ་རྒྱལ་ཁབ་དང་ས་ཁུལ་200ཙམ་ལ་ཁྱབ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་རིག་གནས་སྟོན་མོར་གྱུར་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་སྤྲོ་སྣང་སྦྱིན་ཡོད།

    མའོ་ཉིང་གིས། དཔྱིད་གསར་དུས་ཆེན་ནི་བཀྲ་ཤིས་པའི་དགའ་སྟོན་ཞིག་ཡིན་ཞིང་། དེས་དཔྱིད་ཀྱི་རེ་སྨོན་དང་དྲོ་སྐྱིད་མཚོན་གྱི་ཡོད་ལ། ཀྲུང་ཧྭའི་རིག་གནས་ཀྱི་འཆམ་མཐུན་དང་། ཞི་མཐུན། ཞི་བདེ་བཅས་ཀྱི་བསམ་པའི་སྙིང་དོན་ཡང་མཚོན་ཡོད། “ང་ཚོས་འཛམ་གླིང་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་ཏེ། ཤེས་དཔལ་མི་འདྲ་བ་ཞི་མཐུན་མཉམ་གནས་དང་། ཕན་ཚུན་གྲུབ་འབྲས་བཏོད་པ། སྤེལ་རེས་དང་དཔྱད་གཞིར་འཛིན་པ་བཅས་བྱེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་ཡོད་པ་དང་། མཛའ་བརྩེ་ལྡན་པ། ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་པ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།