དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་2024ལོ་འཁོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གཏན་སྔོན་རྩིས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-28

    ཚེས་24ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་འགྱུར་དྲ་ཚིགས་ནས་གནས་ཚུལ་སྤེལ་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པས་ཁྱོན་དངུལ་འབོར་ཨ་སྒོར་དུང་ཕྱུར་35.9ཙམ་ཟིན་པའི་2024ལོ་འཁོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གཏན་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་དེ་2023ལོའི་སྔོན་རྩིས་ལས་ཅུང་མང་བ་ཡོད་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་2023ལོ་འཁོར་གྱི་རྒྱུན་གཏན་སྔོན་རྩིས་ལ་ཧ་ལམ་ཨ་སྒོར་དུང་ཕྱུར་34ཟིན་གྱི་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གཏན་སྔོན་རྩིས་དེ་སྒྲིག་གཞི་རྒྱུན་གཏན་ལྟར་འཁོར་རྒྱུག་ཡོང་བར་སྤྱོད་པའི་རྒྱུན་གཏན་གྱི་འགྲོ་སོང་ལ་གཏོང་གི་ཡོད། རྒྱུན་གཏན་གྱི་སྔོན་རྩིས་ཕུད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་དུང་ཞི་བདེ་སྲུང་སྐྱོང་གི་སྔོན་རྩིས་བཟོ་གི་ཡོད། ཞི་བདེ་སྲུང་སྐྱོང་གི་སྔོན་རྩིས་ནོར་སྲིད་ལོ་འཁོར་དེ་ལོ་རེའི་ཟླ་7ཚེས་1ཉིན་ནས་འགོ་ཚུགས་ཀྱི་ཡོད་པས། ཞི་བདེ་སྲུང་སྐྱོང་སྔོན་རྩིས་ལ་དབྱར་ཁར་གྲོས་འཆམ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།