དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་བརྗོད་དོན།

    ཅ་ཧྲའི་མི་ཆོས་གནད་དོན་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་ལེན་ཏན་ཏིག་བསྟར་བའི་རེ་བ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-28

    ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མོས་མཐུན་འདེམས་ཤོག་13དང་དབང་དོར་འདེམས་ཤོག་2ཀྱི་མཇུག་འབྲས་ཐོག་ནས་ཅ་ཧྲའི་མི་ཆོས་གནད་དོན་སྐོར་གྱི་གྲོས་ཆོད་ཨང་2720པར་གྲོས་འཆམ་བྱས་པ་རེད། ཚེས་25ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐད་ཀྱི་དྲི་བར་ལན་འདེབས་སྐབས་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་གྲོས་ཆོད་ལག་ལེན་ཏན་ཏིག་བསྟར་ནས་མི་ཆོས་རོགས་སྐྱོབ་བྱེད་རྒྱ་གང་མགྱོགས་ཆེ་རུ་གཏོང་བ་དང་འབྲེལ་ལྟ་སྐུལ་ལམ་སྲོལ་འཛུགས་པའི་རེ་བ་བྱེད་ཀྱི་ཡོད་ལ། དམག་མཚམས་འཇོག་པ་ནི་སྔར་བཞིན་ཐམས་ཅད་ལས་ལྷག་པའི་སྔོན་འགྲོའི་ཆ་རྐྱེན་རེད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས། གྲོས་ཆོད་ཨང་2720པ་ནི་རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐོན་ཚུན་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་འཆམ་བྱས་པའི་གྲོས་ཆོད་གཉིས་པ་དེ་ཡིན་པས། བྱ་སྤྱོད་གང་མགྱོགས་སྤེལ་ནས་ཅ་ཧྲར་མི་ཆོས་རོགས་སྐྱོབ་བྱེད་རྒྱ་ཆེ་རུ་གཏོང་དགོས་པ་མ་ཟད། དགྲ་ཟླར་འཛིན་པའི་བྱ་སྤྱོད་སྤེལ་མཚམས་འཇོག་པར་མཐུན་རྐྱེན་རྒྱུན་མཐུད་གཏོད་དགོས་པའི་བླང་བྱ་ཡང་བཏོན་ཡོད་ཅེས་བརྗོད་པ་རེད།

    “ཚང་མས་ཤེས་གསལ་ཡིན་པའི་དབང་གིས་གྲོས་ཆོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྔོན་དཔག་གི་ཚད་དུ་སླེབས་མེད་པ་དང་སྔར་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས་ནའང་མིག་སྔའི་ཁ་ཚ་དགོས་གཏུག་གི་དུས་བབ་དང་དེ་བཞིན་ཕ་ལེ་སི་ཐན་སོགས་ཨ་རབ་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་བསམ་གཞིག་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་མོས་མཐུན་འདེམས་ཤོག་འཕངས་ཡོད”ཅེས་བརྗོད་ཅིང་། ཁོང་གིས“རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་བྱུང་ནས་ཉེས་མེད་མི་སེར་ཁྲི་ཕྲག་མང་པོར་ཤི་རྨས་བྱུང་བ་དང་ཅ་ཧྲའི་མི་ཆོས་དུས་བབ་སྔར་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ང་ཚོས་གྲོས་ཆོད་ལག་ལེན་ཏན་ཏིག་བསྟར་ནས་མི་ཆོས་རོགས་སྐྱོར་བྱེད་རྒྱ་ཆེ་རུ་གང་མགྱོགས་གཏོང་བ་དང་འབྲེལ་ལྟ་སྐུལ་ལམ་སྲོལ་འཛུགས་པའི་རེ་བ་ཡང་བྱེད་ཀྱི་ཡོད་ལ། དམག་མཚམས་འཇོག་པ་ནི་སྔར་བཞིན་ཐམས་ཅད་ལས་ལྷག་པའི་སྔོན་འགྲོའི་ཆ་རྐྱེན་རེད”ཅེས་བརྗོད་པ་རེད།

    མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱོགས་ཁག་དང་མཉམ་དུ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགན་འཁྲི་སྔར་བས་འཁུར་བ་དང་དོན་སྙིང་ལྡན་པའི་བྱ་སྤྱོད་དུས་ཐོག་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། ཅ་ཧྲའི་དམག་འཁྲུག་སྔ་ཙམ་ཞོད་འཇགས་གཏོང་བ་དང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་ཏན་ཏིག་བྱེད་པ། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་མངོན་འགྱུར་ཡོང་བ་བཅས་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།