དབུ་ཤོག
  • ལམ་ཟུར་གྱི་ཐིག་འདི་མཐོང་ཡོད་ཤས་ཆེ། དེ་གང་ཡིན་མིན་མཁྱེན་བྱུང་ངམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-12-27

    ཁ་ལོ་བ་རྣམས་གསང་སྤྱོད་ལ་འགྲོ་དུས་སྐབས་འཕྲལ་མོ་ཊ་འཇོག་ས་མ་རག་པའི་གནད་དོན་ཐག་གཅོད་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲོ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་འོག ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་གྱི་ཟུར་དུ་ལམ་ཐིག་སྔོན་པོ་བརྒྱབ་ཡོད་ཅིང་། དེ་ནི“ཁ་ལོ་བ་གསང་སྤྱོད་ལ་འགྲོ་སྐབས་ཀྱི་མོ་ཊ་འཇོག་ས”རེད།

    མོ་ཊ་འཇོག་ས་དེ་རིགས་བཟོས་ཟིན་པ་ཚང་མས་མཁྱེན་ཡོད་ཀྱི་རེད། དེ་ནི་དུས་རྒྱུན་གྱི་མོ་ཊ་འཇོག་ས་དང་མི་འདྲ་བར་སྤྱི་པའི་གསང་སྤྱོད་ཀྱི་འགྲམ་དུ་བཟོས་ཡོད་པ་དང་། དེ་གར་མོ་ཊ་འཁྱུག་ཙམ་ཁ་བཀག་ཆོག་པའི་ཡི་གེ(即停即走)བྲིས་ཡོད།

    སྤྱི་པའི་གསང་སྤྱོད་འགྲམ་གྱི་སྐབས་འཕྲལ་མོ་ཊ་འཇོག་སར་མོ་ཊ་ཡུན་རིང་འཇོག་པའི་གནས་ཚུལ་མི་ཐོན་པ་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་པས་རྒྱུན་རྣམ་ཅན་གྱི་སྐོར་གཡེང་དོ་དམ་བྱ་རྒྱུ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་ད་དུང་གྲོང་ཁྱེར་དེ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བཅོས་སྒྲིག་བྱ་སྤྱོད་ཀྱི་བཀོད་སྒྲིག་བླང་བྱ་དང་མུ་མཐུད་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་གིས་མང་ཚོགས་ཀྱི་དགོས་མཁོ་དངོས་དང་། དེ་བཞིན་འགྲིམ་འགྲུལ་འགྲུལ་བཞུད་དང་འགྲོ་ལམ་ཤར་གཏོང་གི་གནས་ཚུལ་བཅས་ལ་གཞིགས་ནས། མོ་ཊ་འཇོག་ས་བཟོ་བའི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། མོ་ཊ་འཇོག་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།