གྲོང་ཚོའི་རིག་རྩལ་རུ་ཁག་གིས་བོད་ལྗོངས་ཟློས་གར་ཁང་ཆེན་གྱི་གར་སྟེགས་སུ་འཁྲབ་སྟོན་བྱས་པ།
རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་དང་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང(ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས)དང་གྲོང་ཁྱེར(ས་ཁུལ)ཁག་གི་རིག་གནས(རིག་གནས་རྒྱང་བསྒྲགས་དང་རིག་གནས་ཡུལ་སྐོར)ཅུས་ཀྱིས་གཉེར་འགན་ཁུར་བའི“ང་ཚོའི་འཚོ་བར་དྲོ་སྐྱིད་ལྡན”ཞེས་པའི་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ཕུལ་བྱུང་ལེ་ཚན་ཚེས་20དང་21ཉིན་བསྟུད་མར་བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་པ་རེད།
ད་རེས་ཀྱི་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ཕུལ་བྱུང་ལེ་ཚན་འཁྲབ་སྟོན་གྱི་སྤྱིའི་འཁྲབ་ཁྲིད་པ་ཕུར་བུ་བཀྲ་ཤིས་ཀྱིས། “ད་རེས་ཀྱི་འཁྲབ་སྟོན་ལ་ཁྱོན་གྲོང་ཁྱེར(ས་ཁུལ)7ནས་ཡོང་བའི་སྲིད་འཛིན་གྲོང་ཚོའི་འཁྲབ་སྟོན་རུ་ཁག་14ཞུགས་ཡོད་པ་དང་། འཁྲབ་སྟོན་པ་ཚང་མ་གཞི་རིམ་གྱི་མང་ཚོགས་རེད། འཁྲབ་སྟོན་གྱི་ལེ་ཚན་ནང་མི་རིགས་ཁག་གི་གླུ་གར་སྒྱུ་རྩལ་གྱི་ནང་དོན་ཡག་ཤོས་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་དང་། རོལ་དབྱངས། རྒྱན་གོས་སོགས་རིག་གནས་ཀྱི་གྲུབ་ཆ་བསྡུས་ནས་གསར་རྩོམ་བྱས་པ་སྟེ། ནག་ཆུའི་སྒོར་གཞས་དང་སྟེང་ཆེན་གྱི་རས་པ་སོགས་གདོད་མའི་གླུ་གར་ཡོད་ལ། གསར་དུ་བརྩམས་པའི་གླུ་གར་ཡང་ཡོད”ཅེས་ངོ་སྤྲོད་བྱས།