དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཚན་རྩལ་འདུས་ཚད་མཐོ་བ།

  •     སྤེལ་དུས།  2023-12-27

    འདི་ནི་ཟླ་11ཚེས་23ཉིན་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་ལྟ་སྐོར་བས་རྟོག་བཟོའི་རོལ་རྩེད་ཉམས་ལེན་བྱེད་བཞིན་པ།

    ཉེ་ཆར་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། གསར་གཏོད་ཀྱི་ཐོན་རྫས་གསར་པ་ཁག་གཅིག་ལ་སྐྱེ་བོ་མང་པོའི་དོ་ཁུར་ཐོབ་པ་སྟེ། རྐོ་འདྲུའི་འཕྲུལ་མི་ཞིག་རྒྱང་རིང་ནས་ཐེབས་བཀྱག་མནན་མ་ཐག་ས་དྲུ་བ་དང་གཤོ་བ་སོགས་ཀྱི་བྱེད་ནུས་ལྡན་ཡོད། ད་དུང་ཚད་འཇལ་ཧ་ཅང་རན་པོ་ཐུབ་པའི་རྩ་གསུམ་བཤར་འབེབས་འཕྲུལ་ཆས་དང་། སྤྱོད་མཁན་གྱི་ལུས་སྦྱོང་ལ་མཁོ་བའི་ལུས་སྨད་ཀྱི་ཀེང་རུས་དྲག་སྐྱེད་ཡོ་ཆས། ཀང་ཆིན་མ་ཤེས་པས་ཀྱང་ཀང་ཆིན་བྱང་ཆུབ་པར་དཀྲོལ་ཐུབ་པའི་རིག་ལྡན་ཀང་ཆིན་རོལ་ཆས་སོགས་སྣ་ཚོགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་དངོས་མང་སྟོན་ཚོགས་སུ་ཁེ་ལས་142ཀྱི་ཐོན་རྫས་430ལྷག་ཙམ་འགྲེམས་སྟོན་བྱས་པ་དང་འགྲེམས་རྫས་རེར་ཁེ་བེད་བདག་ཐོབ་10ཡན་ཡོད་པ་དང་ཚན་རྩལ་འདུས་ཚད་ཧ་ཅང་མཐོ་པོ་ཡོད།

    གྲངས་གཞི་ལས་མངོན་དོན། 2022ལོར་ཀྲུང་གོའི་གྲངས་གཞིའི་ཐོན་འབོར་ཙེ་ཙེ་ཅེ(ZB)8.1ཟིན་པ་དེ་དུས་མཚུངས་ལས་22.7%འཕར་བ་དང་། དེས་གོ་ལ་ཧྲིལ་པོའི་གྲངས་གཞི་སྤྱིའི་ཐོན་འབོར་གྱི་10.5%བཟུང་བ་དང་ཨ་རིའི་རྗེས་སུ་སྙེགས་ནས་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད། ཀྲུང་གོའི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་50.2ཟིན་པ་དེ་འཛམ་གླིང་གི་ཨང་གཉིས་པར་གནས་ཡོད། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་སུ་གྲངས་འཛིན་ཞིང་ཁམས་ཁྲོད་དུ་མི་རྣམས་ཧང་སངས་དགོས་པའི་ཀྲུང་གོའི་ཐོན་རྫས་གསར་པ་མང་པོ་ཐོན་ཡོད། དེ་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་གྱི་འདུན་པ་གང་ལེགས་མངོན་བཞིན་ཡོད།

    —— ཨུ་རུ་སུའི“རང་མོས་སྨྱན་སྦྱོར”གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།