མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས།
ཞིང་འབྲོག་པའི་ཏང་ཡོན་ལ་རིགས་པའི་གཞུང་ལུགས་ཀྱི“ངེས་སྦྱོང་སློབ་ཚན”ཡག་པོ་ཁྲིད་པ།
སྤུ་ཧྲེང་རྫོང་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག” བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། “སྒྲ་ལམ་ལ་བརྟེན་ནས་སྲིད་ཇུས་ཁྱབ་གདལ་གཏོང་སྟངས”སྤྱད་པ་དང་། “གཡུལ་ས་ཆུང་ངུར”བརྟེན་ནས“དྲ་བ་ཆེན་པོ”ཚགས་དམ་དུ་བཏང་སྟེ། ཞིང་འབྲོག་པའི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱས་ཤིང་། ཞིང་འབྲོག་ཏང་ཡོན་སྐྱས་སྤོ་བ་དང་སྡོད་གནས་ཁ་ཐོར་སོགས་ཀྱི་གནད་དོན་ལ་དམིགས་ཏེ། སྤུ་ཧྲེང་རྫོང་གིས“དྲ་སྦྲེལ་+སྒྲ་ལམ”གྱི་སློབ་སྦྱོང་བྱེད་སྟངས་དང་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གནད་བཏུས》ཀྱི་བོད་སྐད་སྒྲ་ལམ་གྱི་སློབ་སྦྱོང་གི་དཔྱད་ཡིག་དུས་ཐེངས་22ཕབ་བཟོ་བྱས་པ་དང་། ཞིང་འབྲོག་ཏང་ཡོན་དང་ཕྱོགས་མིའི་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པར་སྒྲ་ལམ་གྱི་སློབ་སྦྱོང་གི་དཔྱད་གཞིའི་ཡིག་རིགས་ཐེངས་50ལྷག་ཙམ་བསྐུར་བ་རེད། དེ་དང་ཆབས་ཅིག གཞི་རིམ་གྱི་ཞིང་འབྲོག་སྒྲོག་འགྲེལ་པ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ(སྡེ་ཁུལ)10རུ་སྐོར་སྐྱོད་སྒྲོག་འགྲེལ་བྱས་པར་ཏང་ཡོན་དང་མང་ཚོགས་མི་ཐེངས་700ལ་སློབ་གསོ་ཐོབ་ཡོད་པ་རེད།
སློབ་སྦྱོང་གི་སྤུས་ཚད་ལ་འགན་ལེན་བྱས་ཤིང་། སྤུ་ཧྲེང་རྫོང་གི་གྲོང་ཚོ(སྡེ་ཁུལ)10ཡི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་65ཡིས་ཐོས་བསམ་ཟུང་འབྲེལ་མཐའ་འཁྱོངས་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོར་བརྟེན་ནས“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེན”དང་། “མཁའ་དབྱིངས་ཀྱི་མངའ་རིས” “བོད་ནུབ་ཀྱི་གདོང་ལེན་པ”སོགས་ཀྱི་དྲ་ཐོག་ལས་སྟེགས་སྤྱད་དེ་གོང་གིས་འོག་ལ་སྣེ་ཁྲིད་པའི་དཔེ་སྟོན་སློབ་སྦྱོང་དང་། རྣམ་པ་ཕུན་སུམ་ཚོགས་པའི་རྒྱ་སྐྱེད་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱེད་པའི་གཏིང་ཟབ་པའི་སློབ་སྦྱོང་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ནས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཚོར་བར་སྣེ་ཁྲིད་བྱས་པ་རེད།
སློབ་སྦྱོང་གི་དངོས་སྦྱོང་དངོས་སྒྲུབ་ལ་འགན་ལེན་བྱས་ཤིང་། སྤུ་ཧྲེང་རྫོང་གི་གྲོང་ཚོ(སྡེ་ཁུལ)ཁག་གི་ཏང་རྩ་འཛུགས་ཀྱིས“གཟའ་མིག་དམར་ལ་གཅིག་སྡུད་ཐོག་གཞུང་དོན་སྒྲུབ་པའི་ལམ་སྲོལ”གང་ལེགས་སྤྱད་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་རྣམ་གྲངས་ཀྱི་གསལ་ཐོ་བཟོས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། ནད་ལྟ་བ་དང་སྨན་བཅོས་སོགས་ཀྱི་གནད་དོན་ཁག་70ཐག་གཅོད་བྱས་པ་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱེད་སྒོ་ཐེངས་53སྤེལ་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།