དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ཐབས་མཆོག་ཡག་པོ་སྤྱད་པ།

    གཞི་རིམ་ནས་གནད་དོན་བཙལ་ཏེ་མང་ཚོགས་ལ་འཕེལ་རྒྱས་དོན་གཉེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-27

     བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས“གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་གཙོ་གནད་གཤམ་སྒྱུར་མཐའ་འཁྱོངས་ཀྱིས་དོན་དངོས་ཀྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་སྐྱོད་པ་དང་། མང་ཚོགས་དང་ཉེ་བར་བཅར་བ། གནད་དོན་འཚོལ་བ། ཐབས་ཇུས་འདོན་པ་བཅས་ལ་ལྟ་སྐུལ་བྱས་ནས“དམིགས་ཚད་ལག་བསྟར་གྱིས་དམངས་ལ་ཕན་བདེ་སྐྲུན་པའི”རྒྱུགས་ལན་གསར་པ་ཧུར་ཐག་ཕུལ་བ་རེད།

    རང་ཉིད་ཀྱི་ལས་གནས་ནས་ཉེ་འགྲམ་བར་ཏང་གི“གསུང་སྒྲ་ཡག་པོ”སྔར་བས་ཁྱབ་སྤེལ་གཏིང་ཟབ་བཏང་ཞིང་། སྣེ་གདོང་ཆུས་ཀྱིས་ཏང་གཤིས་བཟང་བ་དང་། ཆབ་སྲིད་ཤེས་པ། “སྐད་གཉིས”ཤེས་པ། སྒྲོག་འགྲེལ་ལ་མཁས་པ་བཅས་ཀྱི“རིགས་པའི་གཞུང་ལུགས་དང་སྲིད་ཇུས་གཞི་རིམ་དུ་ཁྱབ་སྤེལ་གཏོང་བའི”དང་བླངས་ཞབས་ཞུའི་རུ་ཁག་གཅིག་བཙུགས་ནས། གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་སྣ་མང་ཕུན་སུམ་ཚོགས་པ་དང་སྤྲོ་སྣང་དོད་པའི་དྲིལ་བསྒྲགས་སྒྲོག་འགྲེལ་བྱ་ཐབས་བརྒྱུད་ཏང་གི་སྲིད་ཇུས་བཟང་པོ་དང་། ཐོན་སྐྱེད་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ། འབབ་འཕར་ཕྱུག་འགྱུར་གྱི་བྱེད་ཐབས་བཟང་པོ་བཅས་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ཡོད། མིག་སྔའི་བར། སྣེ་གདོང་ཆུས་ཀྱི“རིགས་པའི་གཞུང་ལུགས་དང་སྲིད་ཇུས་གཞི་རིམ་དུ་ཁྱབ་སྤེལ་གཏོང་བའི”དང་བླངས་ཞབས་ཞུ་རུ་ཁག་གིས་རིམ་རྩིས་བྱས་ན་གཞི་རིམ་དུ་སྒྲོག་འགྲེལ་ཐེངས་125བྱས་པར་སློབ་གསོ་ཐོབ་པའི་མི་ཐེངས་8000ལྷག་ཙམ་ཟིན་ཡོད་པ་རེད།

    འགྲོ་ནུས་འཇོན་ཐང་དངོས་ལ་བསྒྱུར་ཏེ་གནད་དོན་ཐག་གཅོད་བྱེད་པའི“བྱ་ཐབས་བཟང་པོ”སྔར་བས་ཏན་ཏིག་བཏོན་ཞིང་། སྣེ་གདོང་ཆུས་ཀྱིས་ཞིབ་འཇུག་བྱ་གཞི་འདེམས་པ་དང་། ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་བཅས་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། གཞི་རིམ་བཅོས་སྐྱོང་། “འགལ་གཉིས་ཉེན་གཅིག”བཅོས་སྐྱོང་སོགས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ་དཔེ་མཚོན་གྱི་གནད་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་གནད་དོན་ཐག་གཅོད་དང་ལས་དོན་ལེགས་གཏོང་གི་བྱ་ཐབས་བཏོན་ནས་བརྟག་དཔྱད་དངོས་སྒྲུབ་དང་ཞིབ་འཇུག་གོ་ཆོད་ཡོང་བར་བྱས་པ་རེད། མིག་སྔའི་བར། སྣེ་གདོང་ཆུས་ཀྱི་རྫོང་རིམ་པའི་ལས་བྱེད་པ་36བརྟག་དཔྱད་ཞིབ་འཇུག་ལ་ཞུགས་པ་དང་། བརྟག་དཔྱད་ཞིབ་འཇུག་ཐེངས་44བྱས་པ། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་གནད་དོན་ཁག་40ཤེས་རྟོགས་བྱུང་བར་གནད་དོན་ཁག་21ཐག་གཅོད་བྱས་ཡོད།

    “སྒུག་པ”ནས“ལག་ལེན”དུ་འགྱུར་བར་བྱས་ཏེ་དམངས་ལ་བྱ་བ་དངོས་སྒྲུབ་པའི་བྱ་ཐབས་ནུས་ལྡན་སྤྱད་ཅིང་། སྣེ་གདོང་ཆུས་ཀྱིས་ཡིག་འབུལ་ཞུ་བཅར་ཐད་ཀྱི་ཕུང་གསོག་ཐེབས་པའི་གྱོད་གཞི་དང་ཁྱབ་ཁོངས་གཙོ་བོའི་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཡིག་འབུལ་ཞུ་བཅར་གྱི་གནད་དོན་འཐབ་ས་དང་པོར་ཐག་གཅོད་དང་གནད་དོན་ཐོན་མ་ཐག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར། སྣེ་གདོང་ཆུས་ཀྱིས་མང་ཚོགས་མི་ཐེངས་42ཀྱི་ཡིག་འབུལ་ཞུ་བཅར་ཁྱོན་35བདག་སྤྲོད་བྱས་པ་དང་། གྱོད་དོན་ཁག་20(དེའི་ནང་བསྐྱར་ཟློས་ཐེབས་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཁག་6ཚུད་པ)ཐག་གཅོད་བྱས་པ། གྱོད་གཞི་ཁག་15དུས་བཀག་ལྟར་སྒྲུབ་བཞིན་ཡོད་པ་རེད། ཡིག་འབུལ་ཞུ་བཅར་བྱེད་ཐེངས་དང་པོར་ཐེངས་གཅིག་རང་ལ་འདུམ་འགྲིག་བྱེད་ཚད་དང་། དུས་ཐོག་ཏུ་བདག་སྤྲོད་བྱེད་ཚད། དུས་བཀག་ལྟར་ལན་འདེབས་ཚད་བཅས་ཚང་མ་100%ཟིན་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་95%ཟིན་ཡོད་པ་རེད།

    ཚོགས་ར་ནས་ལས་ཡུལ་བར་དེ་བས་ཉེ་བཅར་གྱིས་མང་ཚོགས་ལ་ཞབས་འདེགས་ཞུས་ཤིང་། སྣེ་གདོང་ཆུས་ཀྱིས་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། “ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བའི”བྱེད་སྒོ་རྒྱུན་རྣམ་ཅན་བཞིན་སྤེལ་བ་དང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་ལས་ཐོག་ཏང་ཡོན་ལས་བྱེད་པ་6426སྡེ་ཁུལ་དུ་བསྐྱོད་པ་དང་དྲ་མིག་བརྒྱུད་ཐོ་འགོད་ཞབས་ཞུ་དང་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ཤིང་། མིག་སྔར་རིམ་རྩིས་བྱས་ན། ས་གནས་ས་ཐོག་ཏུ་གཞུང་དོན་ཐེངས་49བསྒྲུབས་པ་དང་། མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”87རྩིས་ལེན་བྱས་པ། མང་ཚོགས་མི་ཐེངས་ཁྲི་1.4ལ་ཞབས་འདེགས་ཞུས་པ། དམངས་འཚོའི་བྱ་བ་དངོས་ཁག་33བསྒྲུབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།