དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ས་ཡོམ་གེགས་ཁུལ་གྱི་སློབ་གྲྭ་ཚང་མ་སློབ་ཁྲིད་སླར་གསོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-27

    ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ་6.2བརྒྱབ་རྗེས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་རྨིན་ཧོ་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། བ་ཡན་ཧུད་རིགས་རང་སྐྱོང་རྫོང་། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་བཅས་ཀྱི་ཁྱོན་སློབ་གྲྭ་འབྲིང་ཆུང་371གི་སློབ་མ་ཁྲི་12.6ཙམ་ལ་སློབ་ཚན་འཁྲིད་མཚམས་འཇོག་དགོས་འཁེལ། མཚོ་ཤར་གྲོང་ཁྱེར་གྱི་སློབ་གསོ་སྡེ་ཚན་གྱིས་དྲ་ཐོག་དང་དྲ་ཕྱི་དང་། ཡུལ་གཞན་དུ་ཁ་ཐོར། ས་གནས་ས་ཐོག་ཏུ་བཀོད་སྒྲིག་སོགས་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་དེ་གནོད་འཚེ་ཕོག་ཁུལ་གྱི་སློབ་ཁྲིད་ཀྱི་རྒྱུན་གཏན་སྒྲིག་ལམ་གང་མགྱོགས་སླར་གསོ་བྱས་ཡོད། མིག་སྔའི་བར། མཚོ་ཤར་གྲོང་ཁྱེར་གྱིས་གནོད་འཚེ་ཕོག་ཁུལ་གྱི་སློབ་གྲྭ་355ལ་དྲ་ཕྱིའི་སློབ་ཁྲིད་སླར་གསོ་བྱས་པ་དང་སློབ་གྲྭ་16ལ་དྲ་ཐོག་སློབ་ཁྲིད་སླར་གསོ་བྱས་པས་སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་སླར་གསོ་ཐུབ་ཚད་100%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།