དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུར་ལམ་རྫོང་གིས་གྲོང་སྡོད་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་གིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་འཇོན་ཐང་ཅན་འདེམས་གཏོང་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན། ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་དང་དཔྱད་ཞིབ། གཅེས་སྐྱོང་དང་སྐུལ་ལྕག་ལ་སྣང་ཆེན་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་སྡོད་ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་སྡོད་ལས་བྱེད་པས་ནུས་པ་གལ་ཆེན་འདོན་ཐུབ་པར་བྱས་ཡོད།

    “གསོ་སྐྱོང”ཞིབ་ཚགས་བྱས་ནས་སྒྲུབ་མཁས་ལ་རྗེས་ཐོན་པར་རམ་འདེགས་བྱས་ཤིང་། གྲོང་སྡོད་ལས་བྱེད་པ“ཕྱིར་སྐྱོད་པའི”ལྟ་སྦྱོང་སློབ་སྦྱོང་དང་།“ལས་སྟེགས་བསྐྲུན”ནས་འགྲན་བསྡུར་བྱེད་པ། “ཆ་སྒྲིག”ནས་ཕན་ཚུན་སྐུལ་འདེད་གཏོང་བའི་སློབ་གསོའི་སྟོན་ཕྱོགས་བཅས་ཁ་གསལ་བཟོས་ནས“རྒན་པས་གཞོན་འཁྲིད་དང་གཅིག་རྒྱུན་གཅིག་འཛིན”གྱི་རིམ་སྤེལ་བྱེད་སྒོར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། “མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གྲོང་སྡོད་ལས་བྱེད་པའི”ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ། ལས་ཀའི་ཉམས་མྱོང་མཉམ་སྤྱོད་དང་བརྒྱུད་སྤྲོད་ཧུར་ཐག་བྱེད་པ། གྲོང་སྡོད་ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་སྡོད་ལས་བྱེད་པས་ལས་གནས་ཐོག་ལས་ཀ་སྒྲུབ་ཐུབ་པ་དང་བྱས་རྗེས་འཇོག་ཐུབ་པར་བྱས་ཡོད།

    མཉམ་དུ“དོ་དམ”བྱས་ནས་ལས་བྱེད་པ་གྲོང་ཚོར་གཞིས་ཆགས་ཐུབ་པར་བྱས་ཤིང་། “རྩ་འཛུགས་པུའུ་དང་གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་གཅིག་གྱུར་དོ་དམ་དང་། ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་ཐད་ཀར་དོ་དམ། མངགས་གཏོང་ཚན་པས་རྗེས་སྙེག་དོ་དམ”བཅས་བྱེད་པའི“ཕྱོགས་གསུམ་གཞི་གཅིག”གི་དོ་དམ་མ་ལག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ནམ་རྒྱུན་ལས་ཀ་བྱེད་སྐབས“ཉིན་གཅིག་ལ་སྙན་ཞུ་གཉིས་དང་། ཉིན་གཅིག་ལ་དྲན་སྐུལ་རེ། ཟླ་གཅིག་ལ་བསྡོམས་རྩིས་རེ”དང“བུ་རྫི་རྣམ་པའི”རྗེས་སྙེག་དོ་དམ་བྱེད་སྟངས་ལག་བསྟར་ནན་པོ་བྱས་ཏེ། དམངས་ཕན་ཞབས་ཞུའི་གཱ་དང་གྲོང་སྡོད་ལས་བྱེད་མི་སྣའི་འགྲོ་ཕྱོགས་བྱང་བུ་བཟོས་ནས་གྲོང་སྡོད་ལས་བྱེད་པས་ལས་འགན་སྒྲུབ་པར་མཐའ་ཚད་དང་སྒྲིག་ལམ་སྲུང་བར་ཁ་ཕྱོགས་ཡོད་པར་བྱས་ཡོད།

    རིམ་དབྱེ“དཔྱད་ཞིབ”བྱས་ནས་མི་དོན་གཉིས་རྟོགས་གནས་འཁེལ་བྱས་ཤིང་། དུས་རྒྱུན་གྱི་དཔྱད་ཞིབ་+ལོ་འཁོར་གྱི་དཔྱད་ཞིབ་+དུས་ཚད་ཐིམ་པའི་དཔྱད་ཞིབ་བཅས་ཟུང་འབྲེལ་དང་། ལས་ཀའི་དཔྱད་ཞིབ་དང་གྲུབ་འབྲས་དཔྱད་ཞིབ་ཟུང་འབྲེལ། ལས་ཀའི་ཕྱོགས་སྡོམ་དང་གྲོང་མིའི་དཔྱད་བསྡུར་དང་གྲོང་ཚོའི་ལས་བྱེད་པའི་དཔྱད་མོལ་ཟུང་འབྲེལ་བཅས་མཐའ་འཁྱོངས་ཀྱིས་གྲོང་སྡོད་ལས་བྱེད་པར“གཟའ་འཁོར་རེར་ཕྱོགས་སྡོམ་ཆུང་ངུ་རེ་དང་། ཟླ་རེར་སྙན་སེང་རེ། དུས་ཚིགས་རེར་འགན་སྒྲུབ་གསལ་ཞུ་རེ། ལོ་རེར་ཕྱོགས་སྡོམ་རེ”བཅས་ཀྱི་ལམ་སྲོལ་ལག་བསྟར་ནན་པོ་བྱས་ནས་གྲོང་སྡོད་ལས་དོན་སྤེལ་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཡོད།

    སྐུལ་ལྕག་ལ“སྐུལ་འདེད”བཏང་ནས་ལས་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཤིང་། “གཞི་རིམ་ལ་མཐོང་ཆེན་དང་། འཐབ་ས་དང་པོར་མཐོང་ཆེན། གྲུབ་འབྲས་དངོས་ལ་མཐོང་ཆེན”བཅས་ཀྱི་སྟོན་ཕྱོགས་ཁ་གསལ་བཟོས་ནས་དཔྱད་ཞིབ་དང་། ལྟ་བཤེར། བརྟག་ཞིབ་བཅས་བྱས་ཚུལ་དང་ཟུང་འབྲེལ་གྱིས་ལོ་རེར་བསྔགས་བརྗོད་བརྡ་ཁྱབ་ཁག་གཅིག་བཏང་བ་དང་དུས་བཀག་ལྟར་འོས་སྦྱོར་དྲིལ་བསྒྲགས་ཁག་གཅིག་བྱས་ཤིང་། དུས་རྒྱུན་དུ་སྙིང་གཏམ་ཤོད་རེས་དང་འཚམས་འདྲིར་བསྐྱོད་དེ་གྲོང་སྡོད་ལས་བྱེད་པའི་དཀའ་ངལ་ནུས་ཤུགས་ཡོད་རྒུས་བསལ་ནས་གྲོང་སྡོད་ལས་བྱེད་པ་སེམས་གནས་པ་དང་ལུས་ཚུགས་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།