དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྒྲིག་ཆས་ལེགས་སུ་བཏང་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-26

    འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཉི་མ་རྫོང་རྒྱ་སྒོག་ཤང་སྐྱིད་གསུམ་གྲོང་ཚོའི་ལས་མཇུག་འགྲིལ་མ་ཐག་པའི་ཡུལ་སྐོར་ལམ་དང་ལྗོངས་གཟིགས་སྒང་ཡིན་པ།

    འདི་ནི་དྭངས་ར་གཡུ་མཚོའི་ལས་མཇུག་འགྲིལ་ཉེར་ཡོད་པའི་ཡུལ་སྐོར་ལམ་དང་ལྗོངས་གཟིགས་སྒང་ཡིན་པ།

    འདི་ནི་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་སྡེ་ཁུལ་གྲོང་ལྷན་གྱི་གྲོང་མི་ཉི་མ་གྲགས་པ་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་མདུན་དུ་ངལ་གསོ་བཞིན་པ།

    འདི་ནི་དྭངས་ར་གཡུ་མཚོའི་མཚོ་འགྲམ་གྱི་ལས་མཇུག་འགྲིལ་མ་ཐག་པའི་ཡུལ་སྐོར་ལམ་དང་ལྗོངས་གཟིགས་སྒང་ཡིན་པ།

    འདི་ནི་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་སྡེ་ཁུལ་གྲོང་ལྷན་གྱི་གྲོང་མི་ཉི་མ་གྲགས་པས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་ནས་ཐག་རིང་ལ་རྒྱང་ལྟ་བྱེད་བཞིན་པ།

    དྭངས་ར་གཡུ་མཚོ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དུ་ཡོད། དགུན་ཁ་ནི་དྭངས་ར་གཡུ་མཚོར་ཡུལ་སྐོར་བ་ཉུང་བའི་ནམ་དུས་རེད། སང་ལོ་ཡུལ་སྐོར་བར་ཞབས་འདེགས་སྔར་བས་ལེགས་པར་ཞུ་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ཡུལ་སྐོར་ལ་ཞབས་འདེགས་ཞུ་བའི་སྒྲིག་ཆས་ཁག་གཅིག་གསར་སྐྲུན་བྱས་ཡོད། ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་བྱུང་བའི་ས་གནས་དེ་གའི་མང་ཚོགས་ཚོས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་སྒྲིག་ཆས་ལེགས་སུ་བཏང་ནས། འབྱུང་འགྱུར་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུག་ཐབས་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།